ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གནས་སྐོར་ཁོངས་གཏོགས་ཀྱིས་སྤྱོད་ཁང་འཛུགས་སྐྲུན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནས་སྐོར་ཁོངས་གཏོགས་ཀྱིས་སྤྱོད་ཁང་འཛུགས་སྐྲུན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་བསྟན་དོན། ལོ་གཉིས་ལྷག་གི་རིང་ལ། གནས་སྐོར་ཁོངས་གཏོགས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ཁང་འཛུགས་སྐྲུན་བྱས་པ་དེ་ལས་ནན་ཏན་སྒོས་བྱ་བ་སྒྲུབ་པ་དང་ཧུར་ཐག་སྒོས་དོན་དངོས་གནད་དོན་ཐག་གཅོད་པའི་བྱ་བའི་རྣམ་འགྱུར་དང་སྤྱོད་ཚུལ་མཚོན་པར་བྱས་ཡོད། གནས་སྐོར་ལས་རིགས་ནི་གསར་དར་ཐོན་ལས་ཡིན་པས་སྤྱོད་ཁང་འཛུགས་སྐྲུན་བྱེད་པ་ནང་བཞིན་མུ་མཐུད་དུ་འཛུགས་སྐྲུན་སྣ་ཚོགས་ལ་ཤུགས་བསྣན་ནས། གནས་སྐོར་ལས་རིགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྤྱོད་ཁང་གནད་དོན་ནི་དོན་དག་ཆུང་ཆུང་ཞིག་མིན་ལ། གྲོང་གསེབ་དཔལ་ཡོན་འཛུགས་སྐྲུན་གྱི་ཕྱོགས་གལ་ཆེན་ཞིག་ཡིན་པས། གནས་སྐོར་ས་ཁུལ་དང་གྲོང་ཁྱེར་དུ་དམ་འཛིན་བྱེད་དགོས་པར་མ་ཟད་ཞིང་སྡེ་རུ་ཡང་དམ་འཛིན་བྱེད་དགོས་ལ། བྱ་བ་དེ་ཞང་དང་སྡེ་བའི་དར་སྤེལ་འཐབ་ཇུས་ཀྱི་བྱ་བ་གཙོ་བོར་བཟུང་སྟེ་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་དེས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་ཞན་ཆ་ཁ་གསབ་བྱེད་དགོས་ཟེར།

སྤྱོད་ཁང་གནད་དོན་དེ་གནས་སྐོར་ཁོར་ཡུག་ལེགས་བཅོས་བྱེད་པར་འབྲེལ་བ་ཡོད་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བྱ་བའི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་པར་འབྲེལ་བ་ཡོད་པ་དང་། རྒྱལ་དམངས་བྱང་ཚད་ཇེ་མཐོར་འགྲོ་བ་དང་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ཡོང་བར་འབྲེལ་བ་ཡོད་པས། ཞི་ཅིན་ཕིང་གིས་དེར་ཧ་ཅང་མཐོང་ཆེན་དང་སེམས་ཁུར་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཁོང་གིས་རྒྱལ་ནང་དུ་བྱ་བར་རྟོག་ཞིབ་མཛད་སྐབས་ཞིང་ཁྱིམ་དུ་ཕེབས་ཏེ་ཞིང་བ་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་པའི་སྤྱོད་ཁང་གི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་ཐེངས་མང་པོར་ནན་གྱིས་བསྟན་དོན། ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་ཞིང་སྡེ་གསར་བའི་འཛུགས་སྐྲུན་སྔར་ལས་ལག་བསྟར་བྱེད་པ་དང་སྤྱོད་ཁང་འཛུགས་སྐྲུན་བཟང་བོ་བྱས་ནས། ཞིང་སྡེ་མང་ཚོགས་ལ་དག་གཙང་གི་སྤྱོད་ཁང་བཀོལ་སྤྱོད་བྱེད་དུ་འཇུག་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།