ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཧང་ག་རི་ལ་ཐོན་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཐུག་འཕྲད་སྐབས་དྲུག་པར་ཞུགས་པར་མ་ཟད། ཧང་ག་རི་ལ་དངོས་གཞིའི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རིའི་ཙུང་ལི་ཨུག་ཨར་པན་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་ཧང་ག་རི་ལ་ཐོན་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཐུག་འཕྲད་སྐབས་དྲུག་པར་ཞུགས་པར་མ་ཟད། ཧང་ག་རི་ལ་དངོས་གཞིའི་འཚམས་འདྲི་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། གཅིག་སྟོང་དགུ་བརྒྱ་ཞེ་དགུ་ལོར་ཀྲུང་གོ་གསར་བ་བཙུགས་རྗེས། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་དང་། ལོ་དྲུག་ཅུ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་བའི་རྨང་གཞིའི་སྟེང་གྲུབ་འབྲས་ཆེན་པོ་ཐོབ། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཧང་ག་རི་ཕྱོགས་དང་མཉམ་ལས་མཉམ་གྲོས་བྱེད་པ་དང་། ཀྲུང་གོ་དང་ཧང་ག་རིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་ནས། ཀྲུང་གོ་དང་ཧང་ག་རིའི་མཛའ་མཐུན་མཉམ་ལས་ཐད་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་བགྲོད་ལམ་སྟེང་དུ་གསོན་ཤུགས་གསར་བ་རྒྱས་པར་བདག་གིས་རེ་སྒུག་བྱས་ཡོད་ཟེར།

ཧང་ག་རི་ལ་འཚམས་འདྲི་བྱེད་པའི་སྐབས་སུ། ལིས་ཁི་ཆང་གིས་ཙུང་ལི་ཨུག་ཨར་པན་དང་གྲོས་མོལ་བྱེད་རྒྱུ་ཡིན་པར་མ་ཟད་ཁོ་དང་ལྷན་དུ་གསར་འགོད་པར་ཐུག་འཕྲད་བྱེད་རྒྱུ་རེད། གཞན་ད་དུང་ལིས་ཁི་ཆང་གིས་ཧང་ག་རིའི་ཙུང་ཐུང་ཨ་དའེ་ཨར་དང་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཀི་ཝེ་ཨར་སོགས་ལ་ཐུག་འཕྲད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།