ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཞིང་བ་ལས་བཟོ་བའི་ཟླ་ཕོགས་སྟེར་བའི་བྱ་བའི་དཔྱད་ཞིབ་བྱེད་ཐབས»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཞིང་བ་ལས་བཟོ་བའི་ཟླ་ཕོགས་སྟེར་བའི་བྱ་བའི་དཔྱད་ཞིབ་བྱེད་ཐབས»འགྲེམ་སྤེལ་བྱས་ཏེ། ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་དེ་མིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱིས་ཞིང་བ་ལས་བཟོ་བའི་ཟླ་ཕོགས་སྟེར་བའི་བྱ་བའི་འགན་སྲུང་ལག་བསྟར་བྱས་པར་དཔྱད་ཞིབ་བྱས་ཏེ། ཞིང་བ་ལས་བཟོ་བའི་ཟླ་ཕོགས་སྟེར་བའི་བྱ་བ་འགན་སྲུང་བྱེད་པའི་ཁོངས་གཏོགས་ས་གནས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དངོས་འབེབས་བྱས་པར་སྐུལ་འདེད་གཏོང་བ་དང་། ཞིང་བ་ལས་བཟོ་བའི་ངལ་རྩོལ་ཕོགས་དངུལ་ཁེ་དབང་འགན་སྲུང་བྱེད་རྒྱུ་ཐག་བཅད། 

«བྱེད་ཐབས»ལ་སྡོམ་པས་དོན་ཚན་བཅུ་གསུམ་ཡོད་པ་དང་། དེའི་ནང་དུ་དཔྱད་ཞིང་བྱེད་ཡུལ་དང་དཔྱད་ཞིབ་ནང་དོན་དང་གོ་རིམ། དཔྱད་ཞིབ་རིམ་པ་དང་ཚད་གཞི། མཇུག་འབྲས་སོགས་གཏན་འཁེལ་གསལ་བོ་བྱས་ཡོད། དཔྱད་ཞིབ་བྱ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག་ཏུ་ཁེ་ལས་ཀྱི་ཟླ་ཕོགས་ཆད་ལ་འཇོག་པའི་གནད་དོན་ཐག་གཅོད་པར་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱིས་འགན་འཁུར་ནས་ལག་བསྟར་བྱེད་པ་དང་། པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ནས་དངོས་འབེབས་བྱེད་དགོས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།