ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧུའུ་པེ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧུའུ་པེ་ཞིང་ཆེན་གྱི་བུའུ་ཧན་གྲོང་ཁྱེར་ལ་གཟིགས་ཞིབ་མཛད་པར་མ་ཟད། བུའུ་ཧན་ནས་འགོ་འཛིན་མཛད་དེ་རྒྱལ་ཡོངས་རང་དབང་ཉོ་ཚོང་ཚོད་ལྟའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་བུའུ་ཧན་ལ་གཟིགས་ཞིབ་མཛད་པར་མ་ཟད། བུའུ་ཧན་ནས་འགོ་འཛིན་མཛད་དེ་རྒྱལ་ཡོངས་རང་དབང་ཉོ་ཚོང་ཚོད་ལྟའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གཞུང་གི་འགན་ནུས་སྔར་ལས་ལེགས་སྒྱུར་བྱས་ཏེ། ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། མི་དམངས་ཀྱི་རེ་འདུན་དང་མཐུན་པར་བྱས་ནས། མི་དམངས་མང་ཚོགས་ཀྱིས་འཚོ་བ་བཟང་བོར་བཅངས་པའི་རེ་སྒུག་གསར་བ་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་ནན་གྱིས་བསྟན། 

གཟིགས་ཞིབ་མཛད་སྐབས་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་རང་དབང་ཉོ་ཚོང་ཚོད་ལྟའི་ས་ཁུལ་བཅུ་གཅིག་གི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་ཧུའུ་པེ་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་ཁུར་བས་གཏམ་བཤད། ལིས་ཁི་ཆང་གིས་གསུངས་རྒྱུར། འདས་པའི་ལོ་འགའི་རིང་ལ། རང་དབང་ཉོ་ཚོང་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱེད་པ་དེས་དབང་གཏོང་དང་ཞབས་ཞུ་གཉིས་དམ་འཛིན་བྱས་ཏེ། ཕྱོགས་མང་པོའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པ་དང་སྒུལ་ཤུགས་གསར་བ་མྱུར་དུ་ཇེ་ཆེར་སོང་། གོ་རིམ་རྗེས་མར་རང་དབང་ཉོ་ཚོང་ཚོད་ལྟའི་ས་ཁུལ་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་སྐོང་བར་བྱས་ཏེ། སྤོབས་པ་ཆེན་པོས་ཚོད་ལྟ་དང་རང་བདག་བཅོས་སྒྱུར་བྱེད་པ། དཔང་ཡིག་དང་ལག་ཁྱེར་ཁ་ཁར་བྱེད་པ། སྐབས་བསྟུན་གཉིས་དང་གསལ་བསྒྲགས་གཅིག་གི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་པ། ཚོང་རར་ཞུགས་པའི་ལྡོག་ཕྱོགས་གསལ་ཁྲ་བཅས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ཏེ། མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། དུས་རབས་གསར་བའི་བཅོས་སྒྱུར་མཁྲེགས་གཏོར་དང་ལས་སྐྲུན་གསར་གཏོད་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་ལེན་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།