ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་གྱི་གྲུབ་འབྲས་བརྗེ་རེས་བགྲོ་གླེང་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་གྱི་གྲུབ་འབྲས་བརྗེ་རེས་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་གྲུབ་འབྲས་ཀྱི་བརྗེ་རེས་བགྲོ་གླེང་ཚོགས་འདུ་ཚེས་བཅུ་གཉིས་ཉིན་པེ་ཅིན་ནས་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་རྒྱུན་འཁྱོངས་བྱེད་པ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཚན་རིག་གི་ནང་དོན་དང་གཞི་རྩའི་ཁྱད་ཆོས། ངོ་བོ་དང་རེ་བ་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་སྟོབས་ལྡན་གྱི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཀྲང་ཏི་ཅང་གིས་ནན་གྱིས་གསུངས་རྒྱུར། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱིས་ཀྲུང་གོ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་དང་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་འཛིན་པར་ཁག་ཐེག་བྱས་པར་མ་ཟད། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་རྒྱབ་སྐྱོར་བྱེད་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཡིན། དམངས་འཐུས་ཚོགས་ཆེན་བྱ་བས་མི་དམངས་གཙོ་ཡིན་པའི་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་དམངས་གཙོ་ཁེ་དབང་ལ་འགན་སྲུང་བྱེད་དགོས་ལ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་དམངས་གོ་རིམ་ཡོད་པའི་སྒོི་ནས་ཆབ་སྲིད་ཁྲོད་ཞུགས་པ་རྒྱ་བསྐྱེད་དགོས། ཁྲིམས་འཛུགས་སྔོན་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་སྲོག་ཤིང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་གནད་འགག་དེ་དམ་པོར་བཟུང་ནས། ཚན་རིག་ལྟར་ཁྲིམས་འཛུགས་དང་དམངས་གཙོའི་སྒོ་ནས་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།