ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག»འགྲེམ་སྤེལ་བྱས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། སྲོལ་ཡིག་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་ཞེ་བདུན་ཡོད་པ་དང་དེའི་ནང་དུ་སྐོར་ཞིབ་བྱ་བའི་མཛུབ་སྟོན་བསམ་བློ་དང་སྐོར་ཞིབ་ལས་ཁུངས་དང་མི་སྣ། སྐོར་ཞིབ་ཁྱབ་ཁོངས་དང་ནང་དོན། བྱ་བའི་རྣམ་པ་དང་དབང་ཚད། བྱ་བའི་གོ་རིམ་དང་སྒྲིག་ལམ་དང་འགན་འཁྲི་སོགས་གཏན་འཁེལ་གསལ་བོ་བྱས་ཡོད། སྲོལ་ཡིག་དེས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་དམག་དཔུང་གིས་སྐོར་ཞིབ་བྱ་བ་བསྒྲུབ་པར་གཞི་རྩའི་ལམ་ལུགས་དང་བསྲུང་བྱ་འདོན་སྤྲོད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།