ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཧན་ཀྲིན་བཅས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་ཚབ་ཚོགས་པའི་ཁ་ཤས་ཀྱི་གྲོས་ཞིབ་ལ་སོ་སོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 cf7b74a9951138c25f79fceb500591bb.jpg

ཟླ་གསུམ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧུའུ་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

e6b15f15d82d22f11c71834270cdc398.jpg

ཟླ་གསུམ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

cc57d6d54430884c8c6621d8fafd6e7f.jpg

ཟླ་གསུམ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲོད་པ་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཧན་ཀྲིན་བཅས་ཚེས་དགུ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་སོ་སོར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་ཧུའུ་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསུངས་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསླེབས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། འཐུས་མི་ཡོངས་ཀྱིས་རྩ་ཁྲིམས་བཟོ་བཅོས་བྱེད་པར་ངོས་འཛིན་གཅིག་གྱུར་དང་། རྩ་ཁྲིམས་ཀྱི་ནང་དོན་ཁ་ཤས་ལ་བཟོ་བཅོས་བྱེད་པར་ངོས་འཛིན་གཅིག་གྱུར་ཡོང་བར་བྱས། རྩ་ཁྲིམས་ལ་བཟོ་བཅོས་བྱེད་པ་ནི་དུས་རབས་ཀྱི་དགོས་མཁོ་དང་ལས་དོན་གྱི་དགོས་མཁོ་ཡིན་ལ། དམངས་འདུན་དང་མཐུན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བར་ཤུགས་རྐྱེན་གཏིང་ཟབ་པ་ཐོན་སྲིད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསུངས་རྒྱུར། ཧྲང་ཧེ་ཡིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་གོ་གནས་དང་པོར་འཇོག་པ་དང་ཕན་འབྲས་ཐོག་མར་གཙིགས་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུགས་ཡོད་རྒུས་སྤུས་ལེགས་ཐོན་ལས་ཚོགས་སྐྱེད་སྲིང་བྱེད་པ་དང་། ཆུ་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སྐྱོད་པར་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་ལོ་འཁོར་བཞི་བཅུ་ལོན་པ་དང་བསྟུན་ནས། བཅོས་སྒྱུར་སྒོ་འབྱེད་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་པར་བྱེད་པ་དང་། རྒྱལ་སྤྱི་ཅན་དང་ཁྲིམས་སྐྱོང་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསུངས་རྒྱུར། རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་དམ་པོར་བཟུང་སྟེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་ནས། དུས་དང་རྣམ་པ་ཀུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཆེས་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར། ཧན་ཀྲིན་གྱིས་ཧི་ནན་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་ཏེ། ཧི་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་ནན་མོ་དམ་པོར་བཟུང་ནས། ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་རིམ་སྤོར་དང་། གསར་གཏོད་ཡར་སྐུལ་འཕེལ་རྒྱས། རྨང་གཞིའི་ནུས་པ་འཛུགས་སྐྲུན། རྣམ་པ་གསར་བའི་མཁར་གྲོང་འཛུགས་སྐྲུན་བཅས་ཕྱོགས་བཞིའི་བྱ་བའི་ཐད་ལ་འབད་བརྩོན་བྱེད་པ་དང་། ཧི་ནན་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།