ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགོད་པའི་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས9ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགོད་པའི་ཚོགས་འདུ་བསྡུས་པ་དང་། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ་ཀྲིག་ཞོ་ཁྲོན་སོགས་ཀྱིས་དངུལ་རྩའི་བཅོས་སྒྱུར་དང་འཕེལ་རྒྱས་སྐོར་གྱི་འབྲེལ་ཡོད་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

ཀྲིག་ཞོ་ཁྲོན་གྱིས་བཤད་རྒྱུར། ཀྲུང་གོའི་དཔལ་འབྱོར་དེ་གྲངས་ཚད་ཅན་གྱི་འཕར་སྣོན་ནས་སྤུས་ཚད་མཐོ་བའི་འཕར་སྣོན་དུ་སྒྱུར་བཞིན་ཡོད་པ་དང་། འཕར་སྣོན་གྱི་རྣམ་པ་བསྒྱུར་བ་ལས་མ་འོངས་པར་དཔལ་འབྱོར་འཕར་སྣོན་གྱིས་གྲངས་ཚད་ལ་བརྟེན་པ་ཇེ་ཉུང་དུ་འགྲོ་སྲིད་པ་གསལ་བོར་མཚོན་ཡོད་ཟེར།

མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་དམིགས་ཏེ་ཀྲིག་ཞོ་ཁྲོན་གྱིས་བཤད་རྒྱུར། ཀྲུང་གོ་མི་དམངས་དངུལ་ཁང་གིས་བསྒྲུབ་དགོས་པ་ནི་འཛམ་གླིང་ཡོངས་ཀྱི་མ་རྩའི་ཚོར་ར་དང་ཁྱོན་ཡོངས་ཀྱི་དངུལ་རྩའི་ཚོང་རར་འབྲེལ་འདྲིས་བྱེད་རྒྱུ་དེ་ཡིན་ཟེར།

ཀྲིག་ཞོ་ཁྲོན་གྱིས་ད་དུང་དངུལ་རྩ་ལས་རིགས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་སོགས་ཀྱི་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།   །
 


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།