ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམས་འཐུས་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་སོ་སོར་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གསུམ་བསྡུས། ཚན་རྩལ་པུའུ་ཡི་པུའུ་ཀྲང་ཝན་ཀང་དང་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞའོ་ཡ་ཆིན། དེ་མིན་ཞའོ་རོང་ཆིག་སོགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་པར་ལན་བཏབ།

ཚན་རྩལ་པུའུ་ཡི་པུའུ་ཀྲང་ཝན་ཀང་གིས་བཤད་རྒྱུར། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་བྱ་བ་དེ་སྔོན་ཆད་རྗེས་འབྲངས་པ་ལས་ད་ལྟ་ཁྱབ་ཁོངས་སྔར་ལས་མང་པོར་སྣེ་ཁྲིད་བྱེད་པའི་ཕྱོགས་སུ་བསྒྱུར། ཚན་རྩལ་གསར་གཏོད་ཀྱི་སྦས་ཤུགས་ཅི་ལྟར་སྔར་ལས་འདོན་སྤེལ་བྱེད་དགོས་པའི་ཐད་ནས་ཝན་ཀང་གིས་བཤད་རྒྱུར། ཚན་རྩལ་མི་སྣའི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་འདོན་སྤེལ་བྱེད་རྒྱུ་ནི་དེའི་ཐད་ཀྱི་དམིགས་འབེན་ཆེས་གལ་ཆེན་ཞིག་ཡིན་ཟེར།

རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་བཅོས་སྒྱུར་སྐོར་གླེང་སྐབས། རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞའོ་ཡ་ཆིན་གྱིས་བཤད་རྒྱུར། ད་ལོའི་བཅོས་སྒྱུར་གྱི་གནད་ས་ནི་རྒྱལ་ཡོངས་ནས་རིམ་བཞིན་གཞི་རིམ་དུ་རྒྱ་བསྐྱེད་པ་དེ་ཡིན་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཧོང་རོང་ཆིག་དང་ལིག་ལིས་མེན། ཞུའུ་ཅ་དབྱིན། ལིག་ཡུས་ཚུན། ལིག་ཆང་ཏུང་བཅས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྔ་ཡིས་དམངས་ཚིས་ཆུ་ཚད་ལ་འགན་སྲུང་དང་ལེགས་བཅོས་བྱེད་པར་དམིགས་ཏེ་གསར་འགོད་པའི་དྲི་བར་ལན་བཏབ།

ཁེ་ལས་ཀྱིས་ཅི་ལྟར་དབུལ་ཕོངས་ལ་རོགས་སྐྱོར་བྱེད་པའི་གནད་དོན་ལ་ལན་འདེབས་སྐབས། ཞུའུ་ཅི་དབྱིན་གྱིས་བཤད་རྒྱུར། དབུལ་སྐྱོར་བྱེད་ན་ངེས་པར་དུ་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་གནས་སྤོར་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར་བཅས་ལ་དམིགས་ཏེ་དབུལ་སྐྱོར་བྱེད་དགོས་ཟེར།

ཧོང་རོང་ཆིག་དང་ལིག་ལིས་མེན། ལིག་ཡུས་ཚུན་བཅས་ཨུ་ཡོན་གསུམ་གྱིས་ད་རུང་ཁོར་ཡུག་སྲུང་སྐྱོབ་དང་སློབ་སྔོན་སློབ་གསོ། སྨན་བཅོས་བཅོས་སྒྱུར་བཅས་ཀྱི་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།