ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5c7ff73a4cc70d5f28b9b791d354987d.jpg

ཟླ3པའི་ཚེས11ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། 

16dcd9a1dbb5cf2ae1c4c26631c46fea.jpg

ཟླ3པའི་ཚེས11ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཀྲང་ཏི་ཅང་གིས་ཚོགས་ཆེན་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར་ཕུལ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་འབྱོར་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་བརྒྱད་བཅུ་ཡོད་ལ། དོན་དངོས་སུ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་རེ་བཞི་གྲོས་ཚོགས་སུ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་སུ་ཞུགས་པའི་འཐུས་མིས་ཐོག་མར་འཐུས་མི་སོ་ལྔ་ལས་གྲུབ་པའི་སྤྱིའི་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཝང་ཧྲའོ་ཧྥིན་དང་དབྱང་ཡན་གཉིས་སྤྱིའི་འདེམ་ཤོག་ལྟ་སྐུལ་པར་བསྐོས།

ཝང་ཁྲིན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་ཁྱབ་སྒྲོག་བྱས་མ་ཐག་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་བཅུ་གཅིག་ཉིན་སྤྱི་བསྒྲགས་སྤེལ་ཏེ། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལག་བསྟར་བྱེད་རྒྱུ་སྒྲོག་སྤེལ་བྱས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཀྲང་ཏི་ཅང་གིས་ཚོགས་ཆེན་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཁོང་གིས་གསུངས་རྒྱུར། འདས་པའི་ལོ་ལྔ་ནི་ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བཅས་གཅིག་གྱུར་བཟང་བོ་བྱེད་རྒྱུ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་ཟིལ་དང་སྲོག་ཤིང་གོ་གནས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བཅས་བྱས་ཏེ། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་གནང་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། དམངས་འཐུས་ཚོགས་ཆེན་བྱ་བའི་རྣམ་པ་གསར་བ་ཁྱོན་ཡོངས་ནས་གསར་གཏོད་བྱས་ནས། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གསར་གཏོད་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ལ་འཕེལ་རྒྱས་གསར་བ་བྱུང་ཡོད་ཟེར།

ཀྲང་ཏི་ཅང་གིས་འདས་པའི་ལོ་ལྔའི་རིང་གི་བྱ་བར་རྗེས་དྲན་བྱས་རྗེས་གསུངས་རྒྱུར། 2018ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་ཚུགས་པའི་ལོ་ཡིན་ལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ལོ་དང་པོའང་ཡིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2018ལོའི་བྱ་བ་གཙོ་བོ་དང་ཁྲིམས་འཛུགས། ལྟ་སྐུལ་བྱ་བའི་ཇུས་གཞི་བཅས་ལ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བ་དང་། ཕྱིན་ཆད་ལོ་གཅིག་རིང་གི་བྱ་བར་ཐོག་མར་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི་ཁྲིམས་འཛུགས་བྱ་བར་མུ་མཐུད་དུ་ཤུགས་སྣོན་དགོས་པ་དང་། གཉིས་ནི་ལྟ་སྐུལ་བྱ་བར་མུ་མཐུད་དུ་ཤུགས་སྣོན་དགོས། གསུམ་ནི་འཐུས་མིའི་བྱ་བར་མུ་མཐུད་དུ་ཤུགས་སྣོན་དགོས་པ་བཅས་ཡིན་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་འོག རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། སྐབས་གསར་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་སྟོང་ཟད་དུ་མི་གཏོང་བ་དང་། མངག་བཅོལ་ནན་མོ་ཕྲག་ཏུ་བླངས་ཏེ། དུས་རབས་གསར་བའི་དམངས་འཐུས་ཚོགས་ཆེན་བྱ་བའི་ལོ་རྒྱུས་གསར་བ་སྐྲུན་པར་ང་ཚོར་ཡིད་ཆེས་ཡོད་ཟེར།

ཚོགས་ཆེན་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིག་ཅ་དབྱི་དང་། ལིག་ཚི་ཀོས། ཀྲང་ཆིན་ཝེ། ཧུའུ་ཧི་ཕིང་། ཏའོ་ཁྲུན་ཧྭ། ཧི་དབྱི་ཁྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བསྡད་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།