ཀྲུང་གོ་བོད་ཀྱི་དྲ་བ།

ལེ་ཀྲན་ཧྲུའུ་ཅི་ལིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

栗战书.jpg

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལེ་ཀྲན་ཧྲུའུ་ཅི་ལིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལེ་ཀྲན་ཧྲུའུ་ཅི་ལིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསུངས་རྒྱུར། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་མཐའ་གཅིག་ཏུ་གཟེངས་བསྟོད་བྱེད་པ་ཡིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱས་ཏེ། དམངས་ཆེན་བྱ་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་རྣམ་པ་གསར་བ་གསར་སྐྲུན་བྱས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཡུན་རིང་ལ་རྒྱུན་འཁྱོངས་དང་མུ་མཐུད་དུ་འཐུས་ཚང་དུ་གཏོང་བའི་ཆེས་གཞི་རྩ་ནི་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་ཟིལ་དང་སྲོག་ཤིང་གོ་གནས་སྲུང་སྐྱོབ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་དང་། ཆེས་གནད་འགག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་དམངས་ཆེན་ལམ་ལུགས་དང་དམངས་ཆེན་བྱ་བའི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་རྒྱུ་དེ་ཡིན་ལ། ཆེས་གལ་ཆེ་བ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་རྒྱུ་དེ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།