ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པ་བདམས་ཐོན་བྱུང་བ་དང་། ཝང་དབྱང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ལ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6f75cb5e5e9e7f9b35f877a11b132df2.jpg

ཟླ3པའི་ཚེས14ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས་ཏེ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་འདེམ་བསྐོ་བྱས། གྲོས་ཚོགས་ཀྱི་འགོ་འཛིན་པས་ཝང་དབྱང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་ཁྱབ་སྒྲོག་བྱས་རྗེས། ཡུས་ཀྲིན་ཧྲིན་དང་ཝང་དབྱང་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕྱག་འཇུ་གནང་སྟེ་རྟེན་འབྲེལ་ཞུས།

ce4bed70e9b61022139b1279f4b08d09.jpg

ཟླ3པའི་ཚེས14ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས་ཏེ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་འདེམ་བསྐོ་བྱས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་དབྱང་ཚེས14ཉིན་གྱི་ཕྱི་དྲོར་བསྡུས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ལ་བདམས། གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཉེར་བཞི་བདམས་ཐོན་བྱུང་།

གྲོས་ཚོགས་སྟེང་བདམས་ཐོན་བྱུང་བའི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ནི་ཀྲང་ཆིན་ལིས་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ(བོད་རིགས)ཏུང་ཅན་ཧྭ། ཝན་ཀང(ཀྲི་ཀུང་ཏང་ལས་རིགས)ཧི་ཧུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ(ཧོས་རིགས)མཱ་པེའོ(ཀྲོང་རིགས)ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པིན(མོ)པཱ་ཐི་ཨར(སོག་རིགས)ཝང་ཡུང་ཆིན། ཧི་ལིས་ཧྥུན། སུའུ་ཧོས(མོ)ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་རེད།

གྲོས་ཚོགས་སྟེང་ཞ་པའོ་ལུང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་པར་མ་ཟད། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་སུམ་བརྒྱ་བདམས་ཐོན་བྱུང་།

ཕྱི་དྲོའི་དུས་ཚོད་གསུམ་སྟེང་གྲོས་ཚོགས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཀྲང་ཆིན་ལིས་དང་ཏུང་ཅན་ཧྭ། ཧི་ཧུ་ཧྭ། ལེང་ཀྲིན་དབྱིན་བཅས་རེད། ཀྲང་ཆིན་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ལ་བསྡོམས་པས་ཨུ་ཡོན་སྟོང་ཉིས་དང་བརྒྱ་དང་ང་བརྒྱད་ཡོད་ལ། ཉིན་དེའི་གྲོས་ཚོགས་སྟེང་དངོས་སུ་ཞུགས་པའི་ཨུ་ཡོན་སྟོང་ཉིས་དང་བརྒྱ་དང་ཞེ་བཞི་ཡོད་པས། འདེམ་བསྐོའི་གཏན་འབེབས་མི་གྲངས་དང་མཐུན།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོའི་བྱེད་ཐབས་བཅའ་ཁྲིམས་ལྟར། ཚོགས་ཆེན་ནས་མིང་མི་འགོད་པའི་འདེམ་ཤོག་འཕེན་ཐབས་ལག་བསྟར་བྱས། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་འདེམ་གྲངས་མཚུངས་པའི་འདེམ་བསྐོ་བྱེད་ཐབས་སྤྱད་དེ་འདེམ་བསྐོ་བྱས།

འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་མ་བྱས་གོང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་ཆེན་གྱི་ཚོགས་རར་ཕེབས་ཏེ། གདམ་ཐོན་འབྱུང་ལ་ཉེ་བའི་སྐབས་གསར་བའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྟེན་འབྲེལ་ཞུས། ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅོ་ལྔའི་སྟེང་། གྲོས་ཚོགས་ཀྱི་འགོ་འཛིན་པས་ཝང་དབྱང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་ཁྱབ་སྒྲོག་བྱས་རྗེས། ཡུས་ཀྲིན་ཧྲིན་དང་ཝང་དབྱང་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕྱག་འཇུ་གནང་བ་དང་། ཚོགས་ར་ཡོངས་སུ་ཡུན་རིང་དུ་ཐལ་མོའི་རྡེབ་སྒྲས་ཁེངས།

གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་ཆ་སྙོམས་ལོ་ཚོད་རེ་བཞི་ཡིན། ཀྲུའུ་ཞི་གཞོན་པའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བཅུ་གཅིག་དང་། ཏང་ཡོན་མིན་པའི་མི་སྣ་བཅུ་གསུམ། གྲངས་ཉུང་མི་རིགས་ཀྱི་མི་སྣ་བཞི། བུད་མེད་གཉིས་བཅས་ཡོད། གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་ཨུ་ཡོན་གྱི་ཆ་སྙོམས་ཀྱི་ལོ་ཚོད་ང་དགུ་ལྷག་རེད། དེའི་ནང་ཏང་ཡོན་མིན་པའི་མི་སྣ་བརྒྱ་དང་གོ་ལྔ་དང་གྲངས་ཉུང་མི་རིགས་ཀྱི་མི་སྣ་སོ་གསུམ། བུད་མེད་སོ་དགུ་བཅས་ཡོད།

ཚོགས་ར་ཡོངས་ཀྱི་ཨུ་ཡོན་གྱིས་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་བརྡེབས་ཏེ་སྐབས་གསར་བའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།