ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2018ལོའི་ཟླ3པའི་ཚེས15ཉིན་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ)    

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་2018ལོའི་ཟླ3པའི་ཚེས3ནས་ཚེས15ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་དུ་འབྱེད་པའི་དུས་སྐབས་གལ་ཆེན་ལ་འཚོགས་པ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་རྣམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཚོ་ཆུང་གི་བགྲོ་གླེང་དུ་ཞུགས་ཤིང་། ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་ཇུས་བགྲོ་གླེང་གནང་། གྲོས་ཚོགས་ཐོག་བློ་མཐུན་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་ལས་དོན་སྙན་ཞུ་ལ་གྲོས་ཞིབ་གནང་ནས་ཆོག་མཆན་བཀོད་པ་དང་། བློ་མཐུན་ཝན་ཀང་གིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་གནང་ནས་ཆོག་མཆན་བཀོད་ལ། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་གི་དག་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཞིང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེ་མོ། རྒྱུན་ལས་ཨུ་ཡོན་བཅས་བདམས་ཐོན་བྱུང་ཡོད། ཨུ་ཡོན་རྣམས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཟུར་ཞུགས་བྱས་ཤིང་། ཙུང་ལི་ལི་ཁེ་ཆང་གིས་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ཉན་པ་དང་བགྲོ་གླེང་བྱས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་ཉན་པ་དང་བགྲོ་གླེང་བྱས་ལ། རྩ་ཁྲིམས་ཀྱི་དག་བཅོས་འཆར་ཟིན་གྱི་མ་ཟིན་དང་ལྟ་ཞིབ་བྱེད་ཐབས་སྐོར་གྱི་བཅའ་ཁྲིམས་ཀྱི་མ་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི། དེ་བཞིན་འབྲེལ་ཡོད་ཀྱི་སྙན་ཞུའི་སྐོར་ལ་བགྲོ་གླེང་བྱས་ཡོད་པ་དང་། གོང་གསལ་སྙན་ཞུ་དང་ཡིག་ཆ་ཚང་མར་མོས་མཐུན་བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཧ་ཅང་ཆེན་པོས་འགན་འཁྲི་ནན་གྱིས་བསྒྲུབས་ཤིང་། གྲོས་གཞི་དང་། ཚོགས་ཆེན་གཏམ་བཤད། ཚོ་ཆུང་གྲོས་མོལ། ཡུལ་བབ་དམངས་འདུན་ཡར་ཞུའི་ཆ་འཕྲིན་སོགས་ཀྱི་རྣམ་པའི་སྒོ་ནས། གྲོས་མོལ་དང་བགྲོ་གླེང་གཏིང་ཟབ་དང་། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ཏེ། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་མངོན་པར་བྱས་ཡོད། གྲོས་ཚོགས་ནི་དོན་གཉེར་ནུས་མཐོ་དང་སྲོལ་བཟང་སྤྱོད་བཟང་ཡིན་ལ། ཡོངས་སུ་ལེགས་གྲུབ་བྱུང་ཡོད་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་དགེ་མཚན་ཁྱད་ཆོས་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་མངོན་ཡོད་ལ། གོང་མཐུད་འོག་འདྲེན་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག་དང་། དམངས་གཙོ་མཐུན་སྒྲིལ་དང་བདེན་འཚོལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་རེད།

གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། འདས་པའི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་བྱུང་རིམ་ཁྲོད་ཀྱི་ཤིན་ཏུ་སྤྱིར་བཏང་མིན་པའི་ལོ་ལྔ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འཐབ་རྩོད་རླབས་ཆེན་དང་། ལས་གཞི་རླབས་ཆེན། བྱ་གཞག་རླབས་ཆེན། ཕུགས་འདུན་རླབས་ཆེན་བཅས་ལ་གཅིག་འདོམས་བྱས་ནས“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་སྐུལ་འདེད་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་སྐུལ་འདེད་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དུས་རབས་གསར་པར་བསྐྱོད་ཡོད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་པ་ལག་ལེན་དོན་འཁྱོལ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ནས་ལྟེ་གནས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་འཛིན་ཁྲོད་གོང་སྤེལ་དང་། གོང་སྤེལ་ཁྲོད་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ཞིང་། མཐུན་སྒྲིལ་དམངས་གཙོ་དང་། དངོས་གཉེར་བརྩོན་ལེན། ཡར་རྒྱས་གོང་འཕེལ་བཅས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་ཤུགས་གལ་ཆེན་འདོན་སྤེལ་དང་བྱས་རྗེས་གལ་ཆེན་བཞག་ཡོད།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་དུ་བརྩིས་ཏེ། གཙོ་བོ་ཤེས་སུ་འཇུག་པ་དང་ཁོང་དུ་ཆུད་པ་ཞིག་ཡོང་རྒྱུའི་ཐད་ཤུགས་བརྒྱབ་ནས། ཆབ་སྲིད་དང་། བསམ་བློ། གཞུང་ལུགས། བརྩེ་དུང་བཅས་ཀྱི་ཐད་ཚད་མཐོའི་ངོས་འཛིན་གཅིག་མཐུན་ཡོང་བ་དང་། “འདུ་ཤེས་བཞི”བརྟན་པོར་འཆང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་། ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཤིང་། ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་རྒྱ་ཁྱབ་སྒོས་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།

གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཙོ་མནའ་འབྲེལ་དང་། ཀྲི་གུང་ཏང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཕྱི་སྡོད་རང་མིའི་མཉམ་འབྲེལ་ཚོགས་པ་བཅས་ཀྱི་ཨུ་ཡོན་གྱི་མཉམ་འབྲེལ་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་བློ་བརྟན་འགྱུར་མེད་ཀྱིས་སྲ་བརྟན་དང་གོང་སྤེལ་གཏོང་བར་དམིགས་སུ་བཀར་ནས་ནན་གསུངས་གནང་ཞིང་། སྲིད་ཏང་ལམ་ལུགས་གསར་པ་འདིའི་ཕུན་སུམ་ཚོགས་པའི་ནང་དོན་དང་མངོན་གསལ་དོད་པའི་ཁྱད་ཆོས་གསལ་བཤད་ཟབ་མོ་བྱས་པ་དང་། ཏང་མང་མཉམ་ལས་ཀྱི་ཁྱད་ཡོན་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ནུས་ཤུགས་གལ་ཆེན་ཐད་རྒྱས་བཤད་གནད་ལ་འཁེལ་བ་བྱས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲིད་ཏང་གི་ལམ་ལུགས་འཛུགས་སྤེལ་བྱེད་ཤུགས་རིམ་གྱིས་ཆེ་རུ་གཏོང་བ་དང་། གྲོས་མོལ་དམངས་གཙོ་རྒྱ་ཆེ་ཞིང་རིམ་གྲས་མང་བའི་ལམ་ལུགས་ཅན་དུ་འགྱུར་བའི་གོང་འཕེལ་ལ་སྐུལ་འདེད་བྱེད་པ། དུས་རབས་གསར་པར་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ལས་དོན་ལེགས་པོར་སྒྲུབ་པ་བཅས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་ཟབ་སྤེལ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གིས“ལྔ་གཅིག་འབོད་ཚིག”བསྒྲགས་ནས་ལོ་70འཁོར་བའི་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་དང་། ཏང་མང་མཉམ་ལས་འཛུགས་པའི་ཐོག་མའི་བསམ་འདུན་བརྗེད་དུ་མི་འཇུག་ཅིང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཆེས་རྒྱ་ཆེ་བ་འདི་སྲ་བརྟན་ལེགས་པོ་དང་འཕེལ་རྒྱས་ལེགས་པོ་གཏོང་དགོས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་གྲས་འདི་རྒྱུན་འཁྱོངས་དང་འཐུས་ཚང་ལེགས་པོ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་རྩ་འཛུགས་དང་དམངས་གཙོའི་རྣམ་པའི་ཐུན་མིན་གྱི་དགེ་མཚན་འདི་བེད་སྤྱོད་དང་འདོན་སྤེལ་ལེགས་པོ་བྱེད་དགོས།

གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། རང་རྒྱལ་གྱི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག་དང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་འདོད་བློའི་གཅིག་སྡུད་མཚོན་ཚུལ་ཡིན། གྲོས་ཚོགས་ཐོག་གཅིག་གྱུར་གྱིས་ངོས་འཛིན་བྱས་དོན། རྩ་ཁྲིམས་དག་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་ཡོངས་བསྒྲགས་བྱས་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱེད་པ་དང་། (པར་ངོས་དྲུག་པར་གཟིགས)

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་2018ལོའི་ཟླ་3ཚེས་3ནས་ཚེས་15ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། རང་རྒྱལ་གྱི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག་དང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་འདོད་བློའི་གཅིག་སྡུད་མཚོན་ཚུལ་ཡིན། གྲོས་ཚོགས་ཐོག་གཅིག་གྱུར་གྱིས་ངོས་འཛིན་བྱས་དོན། རྩ་ཁྲིམས་དག་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་ཡོངས་བསྒྲགས་བྱས་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱེད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་དུ་སྤེལ་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ལ་རྩ་ཁྲིམས་ཀྱི་འགན་སྲུང་ནུས་ལྡན་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་བྱེད་སྒོ་ཡོད་ཚད་རྩ་ཁྲིམས་ཚད་གཞིར་འཛིན་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་ལ། རྩ་ཁྲིམས་ལ་བརྩི་བཀུར་དང་། སློབ་སྦྱོང་། བརྩི་སྲུང་། སྲུང་སྐྱོང་། བེད་སྤྱོད་བཅས་བྱེད་པའི་བསམ་བློའི་རང་རྟོགས་དང་སྤྱོད་པའི་རང་རྟོགས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བའི་འཕོ་འགྱུར་གཏིང་ཟབ་ཅིག་རེད། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཟབ་སྤེལ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་ལག་ལེན་དོན་འཁྱོལ་ནན་ཏན་བྱེད་དགོས་ཤིང་། སྒྱུར་བཅོས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་རང་འགུལ་གྱིས་བརྩི་སྲུང་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལག་ལེན་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། སྲིད་གྲོས་སྒྲིག་ཡིག་གི་དག་བཅོས་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་པས། ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། བརྡར་གཅོད་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་གང་ལེགས་མཚོན་ཡོད་ལ། 2004ལོར་སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་བྱས་ཚུན་དང་ལྷག་པར་དུ་ཀྲུང་གུང་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་འཕེལ་རྒྱས་ཀྱི་གཞུང་ལུགས་དང་ལག་ལེན། ལམ་ལུགས་བཅས་ཀྱི་གྲུབ་འབྲས་གཅིག་སྡུད་མཚོན་པར་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་གསར་དུ་དག་བཅོས་བྱས་པའི་སྲིད་གྲོས་སྒྲིག་ཡིག་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་དོན་འཁྱོལ་ནན་པོ་དང་། སྒྲིག་ཡིག་ནན་གྱིས་གཞིར་བཟུང་ནས་འགན་ནུས་སྒྲུབ་དགོས་ཤིང་། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་མ་ལག་གོམ་གང་མདུན་སྤོས་ཀྱིས་འཛུགས་སྐྱོང་དང་ཆ་ཚང་བཟོས་ཏེ་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་དགོས།

གྲོས་ཚོགས་འཚོག་རིང་དུ་ཨུ་ཡོན་རྣམས་ཀྱིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་གྲོས་མོལ་དང་བགྲོ་གླེང་ནན་པོ་བྱས་ཤིང་བསམ་འཆར་དང་གྲོས་འགོ་བཏོན་ཏེ་ངོས་འཛིན་བྱས་དོན། ལོ་ཧྲིལ་པོའི་ལས་དོན་ལེགས་པོར་སྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་། གོང་སྤེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། ཕྱོགས་ཡོངས་ལ་ལྟ་རྟོག་གཙོ་གནད་འབུར་དུ་ཐོན་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས་ཤིང་། ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་དང་། དབུལ་བྲལ་གནད་འཁེལ། སྦགས་བཙོག་འགོག་བཅོས་བཅས“འགག་སྒྲོལ་དམག་འཐབ་ཆེ་མོ་གསུམ”ལས་རྣམ་པར་རྒྱལ་བར་ཤུགས་རྒྱག་དགོས་པ་དང་། གནད་ཆེའི་ཁྱབ་ཁོངས་ཀྱི་ཉེན་འགོག་ཚོད་འཛིན་དང་ཐག་གཅོད་ལེགས་པོར་སྒྲུབ་པ། དངུལ་རྩའི་ལྟ་སྐུལ་དོ་དམ་སྔར་བས་འཐུས་ཚང་དང་། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁར་སྔོན་འགོག་དང་སེལ་བར་ཕན་ནུས་ལྡན་པ། རྒྱུད་ཁོངས་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་གྱི་མཚམས་ཚད་དམའ་ཤོས་སྲུང་འཛིན་བྱེད་དགོས། དམིགས་བསལ་གྱི་དབུལ་ཕོངས་མང་ཚོགས་དང་དབུལ་ཐལ་དྲགས་པའི་ས་ཁུལ་གྱི་རོགས་རེས་གནད་འཁེལ་ལ་དམིགས་ཏེ། དབུལ་སྐྱོར་དེ་བློ་སྐྱོར་རིག་སྐྱོར་དག་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དབུལ་སྐྱོར་གྱི་གྲུབ་འབྲས་བརྟན་དུ་བཏང་ནས་དབུལ་སྒྲོལ་སྤུས་ཚད་མཐོ་རུ་གཏོང་དགོས། རླུང་ཁམས་ཆེན་པོ་དང་། ཆུ། ས་གཤིས་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོ་བསང་གི་ནམ་མཁའ་སྲུང་བའི་དམག་འཐབ་ལས་རྣམ་པར་རྒྱལ་བ་གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སྒྱུར་བྱེད་པར་འགན་ལེན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བླང་བྱ་དོན་འཁྱོལ་སྐུལ་འདེད་བཏང་སྟེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་སྐུལ་སྤེལ་དང་། ཐོན་ལས་གྲུབ་ཚུལ་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། དངོས་གཞིའི་དཔལ་འབྱོར་དར་སྤེལ་གཏོང་བ་དང་། མུ་མཐུད“གསུམ་འདོར་གཅིག་གཅོག་གཅིག་གསབ”དམ་འཛིན་ལེགས་པོ་བྱེད་དགོས། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། ཚན་རྩལ་གསར་གཏོད་ཀྱིས་སྲོག་ཤིང་བྱེད་པའི་ཕྱོགས་ཡོངས་གསར་གཏོད་སྐུལ་འདེད་གཏོང་བ། “དྲ་སྦྲེལ+”དང“ཀྲུང་གོས་བཟོ་སྐྲུན་2025”སྐུལ་འདེད་བཏང་སྟེ། ཐོན་ལས་གསར་པ་དང་། འགུལ་ནུས་གསར་པ། འཕར་གནས་གསར་པ་བཅས་གསོ་སྤེལ་བྱེད་དགོས། ཚོང་རའི་བྱེད་པོ་མི་འདྲ་བ་ཁག་གི་གསོན་ཤུགས་འདོན་སྤེལ་བྱས་ནས་རྒྱལ་ཁབ་ལ་དབང་བའི་མ་རྩ་སྟོབས་ལྡན་ཕུལ་བྱུང་དང་ཆེན་པོར་འགྱུར་བར་སྐུལ་འདེད་དང་། དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་དགོས་པ་དང་། ཐབས་ལམ་མང་པོའི་སྒོ་ནས་ཞིང་པའི་ཡོང་སྒོ་འཕར་བར་བྱས་ཏེ། གྲོང་གསེབ་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཅིང་ཅིན་ཅི་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཡར་རྒྱས་གསར་པ་ཐོབ་པར་སྐུལ་འདེད་དང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་སྐུལ་སྤེལ་གཏོང་དགོས། རིམ་པ་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གོང་འཕེལ་བཏང་ནས་ཕྱི་ཕྱོགས་སུ་མ་དངུལ་གཏོང་བར་ཁྲིད་སྟོན་ནུས་ལྡན་བྱེད་པ། ཉོ་ཚོང་གི་ལས་རྣམ་གསར་པ་དང་ཉོ་ཚོང་བྱེད་སྟངས་གསར་པ་སྐྱེད་སྲིང་བྱས་ཏེ། ཕྱོགས་ཡོངས་ནས་སྒོ་འབྱེད་པའི་གནས་བབ་གསར་པ་ཆགས་པར་སྐུལ་སྤེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་དང་སྤྱི་པའི་རིག་གནས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་དར་སྤེལ་བཏང་སྟེ། སློབ་གསོའི་སྒྱུར་བཅོས་ཟབ་སྤེལ་དང་སློབ་གསོ་དེང་རབས་ཅན་དུ་ཇེ་མགྱོགས་སུ་བཏང་ནས་མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་གཉེར་དགོས། དམངས་འཚོའི་བྱ་གཞག་དམ་འཛིན་ལེགས་འཛིན་བྱས་ཏེ། ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་། ཟས་རིགས་ཉེན་མེད། ཐོན་སྐྱེད་བདེ་འཇགས། རྒན་གསོ་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་དངོས་ཐག་གཅོད་གང་ཐུབ་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་གི་ལག་ལེན་ཟབ་སྤེལ་བྱས་ཏེ། དམངས་ཡོངས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་སྐྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་དྲང་གཞག་ཡོང་བར་བྱས་ནས་དྲ་སྦྲེལ་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཛུགས་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། སྒྱུར་བཅོས་ཟབ་སྤེལ་དངོས་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བ་དང་། མུ་མཐུད་སྒྱུར་བཅོས་སྒོ་འབྱེད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དེད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་དགོས།

གྲོས་ཚོགས་འཚོགས་རིང་དུ་ཀྲུང་གུང་ཀྲུང་དབྱང་གིས་ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་ཀའི་ཐད་ལ་ཨུ་ཡོན་རྣམས་ཀྱིས་དོན་དམ་པར་ཐབས་ཇུས་བཏོན་ཅིང་། ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ཏང་ལེགས་སྐྱོང་ཐད་ཀྱི་བཀོད་སྒྲིག་ཁག་ལ་མོས་མཐུན་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་སྤེལ་ནས་སྤྱོད་བཟང་སྒྲིག་ནན་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་བཅས་ལ་བརྩི་བཀུར་བྱས་པ་དང་། ཏང་སྲོལ་སྲིད་སྲོལ་ལེགས་པོས་སྤྱི་ཚོགས་དང་མི་དམངས་ཀྱི་སྤྱོད་ཚུལ་ལ་སྣེ་ཁྲིད་བྱེད་ཐུབ་ཅིང་། སྤྱི་ཚོགས་ཀྱི་དར་སྲོལ་སྔར་བས་ལེགས་པོ་ཆགས་པར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་བརྟན་པོ་བྱས།

ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པས་འགན་ནུས་སྒྲུབ་འགོ་འཛུགས་པའི་ལོ་རེད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་དོན་ཁག་གཅིག་འདོམས་བྱེད་པའི་སྤྱིའི་རྩ་དོན་དུ་འཛིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྲོག་ཤིང་དུ་འཛིན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་པར་ཇུས་འབུལ་ཤུགས་འདོན་རྒྱུ་ལས་དོན་གྱི་གཙོ་གནད་དུ་བཟུང་ནས། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པར་དམིགས་ནས། གྲོས་དོན་འཕྱུགས་པ་མེད་པར་བདམས་ནས་བརྟག་དཔྱད་ཏན་ཏིག་བྱེད་པ་དང་། སེམས་ཤུགས་གཅིག་སྡུད་ཀྱིས་སྲིད་དོན་གྲོས་བསྡུར་གཏིང་ཟབ་བྱེད་པ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དོན་ཐོག་ཏུ་འཁྱོལ་བར་སྐུལ་སྤེལ་གཏོང་དགོས་ཤིང་། སྐབས་འདིའི་སྲིད་གྲོས་ཀྱིས་ལས་འགོ་ལེགས་པོར་རྩོམ་པར་ཁག་ཐེག་ཏན་ཏིག་བྱེད་དགོས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། གྲོས་མོལ་དམངས་གཙོ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་དགོས། ལོ་འཁོར་གྱི་གྲོས་མོལ་འཆར་གཞི་ནན་ཏན་གྱིས་ལག་བསྟར་སྒྲིག་འཛུགས་བྱེད་པ་དང་། ཆེད་དོན་སྲིད་གླེང་གི་རང་བཞིན་ལྡན་པའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་དང་། ཆེད་དོན་གྲོས་མོལ་ཚོགས་འདུ། གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པ། གྲོས་མོལ་ཅན་གྱི་ལྟ་སྐུལ་ལ་དགེ་མཚན་གྱི་ཁྱད་ཆོས་ལྡན་པ་འདོན་སྤེལ་བྱས་ཏེ། བྱ་བ་ཡོད་ཚེ་གྲོས་བསྡུར་མང་ཙམ་དང་། བྱ་བ་ཡོད་ཚེ་གྲོས་མོལ་བྱེད་བདེ་བ། བྱ་བ་ཡོད་ཚེ་གྲོས་མོལ་བྱེད་མཁས་པ་བཅས་ཀྱིས་གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་གོ་རིམ་དང་ཐེ་ཞུགས་ཀྱི་ལག་ལེན་ཆ་ཚང་བ་ཞིག་ཧུར་ཐག་ཆགས་པར་བྱེད་དགོས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། སྤྱི་མཐུན་གྱི་ཆ་ཆེ་ཤོས་རྙེད་པར་བྱེད་པ་དང་། ཐུན་མོང་གི་རེ་སྨོན་ཆེ་ཤོས་གཏོད་དགོས་ཤིང་། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པར་ཆ་རྐྱེན་སྔར་ལས་ལེགས་པོ་སྐྲུན་པར། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ལས་དོན་ཡག་པོ་སྒྲུབ་དགོས། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་སློབ་གསོ་ཟབ་སྤེལ་དང་། ཀྲུང་ཧྭ་མི་རིགས་འབྲལ་མེད་གཞི་གཅིག་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། གཟབ་ནན་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་ལས་དོན་སྒྲུབ་པ་དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་འགོ་འདོམས་ཀྱིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་དང་། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འདྲེས་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། “དགུ་གཉིས་ཐུན་མོང་ངོས་འཛིན”གྱི་རྨང་གཞིའི་ཐོག་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་སྤེལ་དང་། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་སྐུལ་འདེད། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་ལྐོག་ཇུས་དང་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད། ཕྱིར་སྡོད་སྤུན་ཟླ་དང་མཐུན་སྒྲིལ་མཛའ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱིར་སྡོད་རང་མིའི་སེམས་པ་དང་། སྟོབས་ཤུགས། བློ་རིག་བཅས་རྒྱ་ཁྱབ་ཏུ་གོང་བུ་གཅིག་འགྲིལ་ཡོང་བར་བྱེད་པ་དང་ཕྱིར་སྡོད་རང་མིའི་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཕྱི་ཕྱོགས་དང་མཛའ་མཐུན་གྱི་འགྲོ་འོང་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་གསར་གྲས་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། མི་དམངས་སྲིད་གྲོས་ཀྱིས་དུས་རབས་གསར་པའི་ལས་འགན་གསར་པར་དམིགས་ཏེ། སྲིད་གྲོས་རྒྱུས་ལོན་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ་དང་སྒྲིག་ཁྲིམས་སྲུང་བ། ལུགས་སྲོལ་གཙིགས་ཆེན་པོར་འཛིན་པ། སྤྱོད་ལམ་ལ་མཐོང་ཆེན་བཅས་ཀྱི་བླང་བྱ་ལྟར། ཨུ་ཡོན་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཆབ་སྲིད་ཁོང་དུ་ཆུད་པའི་ནུས་པ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ནུས་པ། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ནུས་པ། མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ་བཅས་ཆེ་རུ་བཏང་སྟེ། རང་འགན་སྒྲུབ་པའི་འཇོན་ཐང་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྲོལ་ལུགས་ཤིག་རྒྱ་ཆེར་དར་དུ་འཇུག་པ་དང་། གཞི་རིམ་དུ་ཟབ་ཞུགས། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས། འགལ་བ་དང་གནད་དོན་གསལ་པོར་ཤེས་སུ་འཇུག་དགོས་ཤིང་། བསམ་འཆར་དང་གྲོས་འགོ་གནད་ལ་འཁེལ་བར་འདོན་པ་དང་། བཤད་པ་དེ་ཁུང་ལུངས་ཡོད་པ་དང་། བཤད་པ་དེ་གནས་ལུགས་ཡོད་པ། བཤད་པ་དེ་ཚད་ཡོད་པ། བཤད་པ་དེ་དོན་དང་ལྡན་པ་བཅས་བྱེད་ཐུབ་དགོས་པའི་ཁར། བརྟག་ཞིབ་དང་སྲིད་དོན་གྲོས་མོལ་བྱེད་སྒོ་འགའ་ཞིག་ཕྱི་ཚུལ་ཙམ་ཡིན་པ་དང་། དོན་དངོས་སུ་ཞུགས་ཚད་མི་འདང་བ་སོགས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ངེས་པ་དོན་གྱིས་ཐག་གཅོད་བྱེད་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ས་གནས་སྲིད་གྲོས་ཀྱི་ལས་ཀར་མཛུབ་སྟོན་བྱེད་པར་ཤུགས་སྣོན་རྒྱག་དགོས།

གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། མི་དམངས་སྲིད་གྲོས་སུ་ཞུགས་པའི་སྡེ་ཚན་ཁག་དང་། རྩ་འཛུགས་རིམ་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཀུན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། བློ་གཅིག་སེམས་གཅིག་དང་ལས་དོན་ནན་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བླངས་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།