ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་སྒྲོག་སྤེལ་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b3526a518ffa2c5e285a40396eb57952.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས15ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་སྒྲོག་སྤེལ་བྱ་བའི་ཁྲོད་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་སྒྲོག་སྤེལ་བྱ་བའི་ཁྲོད་ཞུགས་པའི་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ཁང་། ཀྲུང་གོའི་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོ་དང་མི་དམངས་སྲིད་གྲོས་ཚགས་པར་དང་། ཀྲུང་གོའི་སྲིད་གྲོས་དུས་དེབ་སོགས་རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་ཁོངས་གཏོགས་གསར་འགྱུར་སྨྱན་བྱད་ཀྱི་འགན་ཁུར་བློ་མཐུན་དང་རྩོམ་སྒྲིག་པ། གསར་འགོད་པ་བཅས་ཀྱི་འཐུས་ཚབ་ལ་འཚམས་འདྲི་མཛད་པ་མ་ཟད། ཚོགས་ཆེན་གྱི་གསར་འགྱུར་སྒྲོག་སྤེལ་ཁྲོད་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས།

ཝང་དབྱང་གིས་གསུངས་རྒྱུར། ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་གི་གཡུལ་ས་གཙོ་བོ་དང་ལམ་བུ་གཙོ་བོ། གཙོ་ཤུགས་དམག་དཔུང་ཡིན་པའི་ཆ་ནས། ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་བརྗོད་སྙིང་དང་དམ་དུ་དམིགས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་གསར་བར་དོ་སྣང་ཆེན་པོ་བྱས་ཏེ། ཆེད་དོན་དང་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་པ་དང་། མཉམ་བསྲེས་སྒོས་སྒྲོག་སྤེལ་བྱེད་པ་དང་དྲ་ཐོག་ནས་སྒྲོག་སྤེལ་བྱེད་པར་ཤུགས་བསྣན་ལ། གྲོས་ཚོགས་ཀྱི་ཕྱི་ནང་དང་སྦྲེལ་མཐུད་བཟང་བོ་བྱས་ཏེ། ཀྲུང་གོའི་སྲིད་ཇུས་བཟང་བོ་དང་སྲིད་གྲོས་ཀྱི་བྱ་བ་དྲིལ་སྒྲོག་བྱས་ནས། མཐུན་སྒྲིལ་གཏན་འཇགས་ཀྱི་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་ཟེར།

ཝང་དབྱང་གིས་བསྟན་དོན། ཚང་མས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མུ་མཐུད་དུ་མི་དམངས་སྲིད་གྲོས་ཀྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པ། སྐྱེ་སྟོབས་འབར་ཞིང་གསོན་ཉམས་ལྡན་པའི་དཔེ་མཚོན་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་དང་སྲིད་གྲོས་ཀྱི་གཏམ་རྒྱུད། གྲོས་མོལ་དམངས་གཙོའི་གཏམ་རྒྱུད་བཤད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དྲིལ་སྒྲོག་བྱས་ནས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་སྣང་བརྙན་གསར་བ་དང་གྲུབ་འབྲས་གསར་བ་ངོམས་པར་བྱས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཞཱ་པའོ་ལུང་སོགས་ཀྱིས་མཉམ་དུ་འཚམས་འདྲི་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།