ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་གསར་འགོད་པའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ལྟེ་གནས་ཀྱིས་ཚེས་བཅུ་བདུན་ཉིན་གསར་འགོད་པའི་གྲོས་ཚོགས་བསྡུས་པ་དང་། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་ལིས་གན་ཅེ་ཡིས་བཙོག་ཆུ་འགོག་བཅོས་ཐད་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པའི་འབྲེལ་ཡོད་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ། མ་འོངས་པའི་ལོ་གསུམ་ནང་གི་བཙོག་ཆུ་འགོག་བཅོས་བྱེད་པའི་ཐད་ཀྱི་བྱེ་བྲག་གི་བྱེད་ཐབས་གླེང་སྐབས། ལིས་གན་ཅེ་ཡིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ་དང་། བཙོག་བཟོ་དངོས་པོ་སྤྱི་ཁོག་ནས་ཉུང་འདོན་བྱེད་པ། ཁོར་ཡུག་གི་ཉེན་ཁ་དོ་དམ་དང་ཚོད་འཛིན་བྱེད་པ་བཅས་ཀྱི་དམིགས་འབེན་ཆེན་པོ་གསུམ་ལ་དམིགས་ནས། དུས་ཚོད་དམ་འཛིན་སྒོས་བྱ་བ་སྤེལ་རྒྱུ་ཡིན་པའི་ཚུལ་བསྟན།

དེ་ལས་གཞན། ལིས་གན་ཅེ་ཡིས་ད་དུང་མཁའ་དབུགས་བཅོས་སྐྱོང་གྲུབ་འབྲས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་ཞིབ་བཤེར་སོགས་གནད་དོན་གཙོ་བོ་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།