ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8f877fe033849b3278b0c50a4177d33b.jpg

ཟླ3པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས། ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། འདེམ་ཤོག་འཕངས་ཏེ་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས། ལིས་ཁི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་ཐག་བཅད། པར་འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་ཕྱག་འཇུ་གནང་བའི་ཚུལ་རེད།

1bf213e368289c5a297c3d8d5cc390af.jpg

ཟླ3པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས། ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། འདེམ་ཤོག་འཕངས་ཏེ་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས། ལིས་ཁི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་ཐག་བཅད། པར་འདི་ནི་ལིས་ཁི་ཆང་གིས་རྩ་ཁྲིམས་མདུན་དུ་དམ་བཅའ་འཇོག་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས། ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། འདེམ་ཤོག་འཕངས་ཏེ་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས། ལིས་ཁི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་དང་པོའི་སྟེང་མིང་བཀོད་པ་དང་། ཚོགས་ཆེན་གྱི་གཏན་འཁེལ་ལྟར། ལིས་ཁི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་འཇོག་བྱས།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲིན་ཡའོ་ཡའོ་ཡིས་འགོ་འཛིན་བྱས་པ་དང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡུས་ཝེ་གོ་དང་ཁྲི་ཅོན། ཧྲི་ཐེ་ཧྥུན། སུན་ཀྲི་ཀང་། ཏུའུ་ཅ་ཧོ། ལིས་ཅི་ཧིན་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་གནས་སུ་བསྡད་ཡོད།

ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་ཐག་གཅོད་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་གདམ་མི་གཏན་འཁེལ་བྱེད་རྒྱུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འདེམ་བསྐོ་བྱེད་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་འདེམ་བསྐོ་བྱེད་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་འདེམ་བསྐོ་བྱེད་རྒྱུ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམ་བསྐོ་བྱེད་རྒྱུ་བཅས་རེད།

ཞི་ཅིན་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གདམ་མི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་གདམ་མིའི་མིང་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་བསྡུར་བྱས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་བསྡུར་བྱས་པ་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བསྐོ་འཇོག་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གདམ་མིའི་མིང་བཏོན་པའི་ཡི་གེ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་གདམ་མིའི་མིང་བཏོན་པའི་ཡི་གེ་སྒྲོག་འདོན་བྱས།

རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གདམ་མི་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་གདམ་མི། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོའི་གདམ་མི། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གདམ་མི་བཅས་ཀྲུའུ་ཞི་ཚོགས་པས་མིང་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་བསྡུར་དང་གྲོས་མོལ་བྱས། འཐུས་མི་མང་ཤོས་ཀྱི་བསམ་འཆར་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་འདེམ་སྒུག་པ་ངོ་མའི་མིང་ཐོ་གཏན་འཁེལ་བྱས་པ་དང་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་འདེམ་བསྐོ་བྱེད་རྒྱུ་ཐག་བཅད།

ཉིན་དེའི་དུས་ཚོད་དགུ་དང་སྐར་མ་བཅོ་ལྔའི་སྟེང་། སྤྱིའི་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་པས་གློག་རྡུལ་འདེམ་ཤོག་འཕེན་སྒམ་དང་གློག་རྡུལ་འདེམ་བསྐོ་མ་ལག་ལ་ཞིབ་བཤེར་བྱས་རྗེས། ལས་བྱེད་མི་སྣས་འཐུས་མི་རྣམས་ལ་འདེམ་ཤོག་བྱིན་ནས་འདེམ་བསྐོ་བྱེད་འགོ་བརྩམས།

ཚོགས་ཆེན་གྱི་འདེམ་བསྐོ་དང་བསྐོ་འཇོག་བྱེད་ཐབས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གདམ་མི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་གདམ་མིའི་བརྡས་ཐག་གཅོད་པའི་འདེམ་ཤོག་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམ་བསྐོ་བྱེད་པའི་འདེམ་ཤོག་གཏན་འཁེལ་བྱས།

དུས་ཚོད་བཅུ་དང་སྐར་མ་ཞེ་བཞིའི་སྟེང་། ལས་བྱེད་མི་སྣས་བརྡས་ཐག་གཅོད་པ་དང་འདེམ་བསྐོའི་འདེམ་ཤོག་མཇུག་འབྲས་སྒྲོག་འདོན་བྱས།

འགོ་འཛིན་པས་བློ་མཐུན་ལིས་ཁི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལ་བསྐོ་འཇོག་བྱས་པ་ཁྱབ་སྒྲོག་བྱས་རྗེས། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས་ཤིང་། ལིས་ཁི་ཆང་ཡར་ལངས་ཏེ་འཐུས་མི་རྣམས་ལ་གུས་འདུད་ཞུས་པར་མ་ཟད། ཞི་ཅིན་ཕིང་དང་ཕྱག་འཇུ་གནང་བ་དང་ཞི་ཅིན་ཕིང་གིས་ཁོང་ལ་རྟེན་འབྲེལ་ཞུས།

དེར་མཐུད་ནས་འགོ་འཛིན་པས་རིམ་པ་བཞིན་བློ་མཐུན་ཞུའུ་ཆི་ལེང་དང་ཀྲང་ཡུག་ཞ་གཉིས་ཀ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། བློ་མཐུན་ཝེ་ཧྥུན་ཧི་དང་ལིས་ཙོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མེན་བཅས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ། བློ་མཐུན་ཡང་ཞོ་ཏུའུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ། བློ་མཐུན་ཀྲིག་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ལ་བདམས་པ། བློ་མཐུན་ཀྲང་ཅུན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཞིབ་དཔྱོན་ཁང་གི་ཞིབ་དཔྱོད་དཔོན་པོ་ལ་བདམས་པ། འདེམ་སྒུག་པ་བརྒྱ་དང་ང་དགུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་བཅས་ཁྱབ་སྒྲོག་བྱས།

བརྡས་ཐག་གཅོད་པ་དང་འདེམ་བསྐོའི་མཇུག་འབྲས་ཚང་མ་ཁྱབ་སྒྲོག་བྱས་རྗེས། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྩ་ཁྲིམས་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡང་ཞོ་ཏུའུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡོན་ཀྲང་ཀྲིག་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲང་ཅུན་བཅས་ཀྱིས་སོ་སོར་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱིས་མཉམ་དུ་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཀྱིས་ཀྱང་མཉམ་དུ་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག

ཟླ3པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་དང་པོའི་སྟེང་མིང་བཀོད། ཀྲུའུ་ཞིའི་བཀའ་ཁྱབ་དང་པོའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཆོད་དོན་ལྟར། ལིས་ཁི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལ་བསྐོ་འཇོག་བྱས་ཞེས་བཀོད་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།