ཀྲུང་གོ་བོད་ཀྱི་དྲ་བ།

བདེན་དོན་གྱི་སྟོབས་ཤུགས་ཞེས་པའི་མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་བརྗོད་དོན་འགྲེམ་སྟོན་པེ་ཅིང་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ལྔ་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་དང་ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས། རྒྱལ་ཁབ་རྟེན་མཛོད་གླིང་བཅས་ཀྱིས་འགན་ཁུར་ནས་བསྒྲུབས་པའི་བདེན་དོན་གྱི་སྟོབས་ཤུགས་ཞེས་པའི་མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་བརྗོད་དོན་འགྲེམ་སྟོན་རྒྱལ་ཁབ་རྟེན་མཛོད་གླིང་ནས་སྤེལ་མགོ་བརྩམས།

འགྲེམ་སྟོན་དེ“རླབས་ཆེན་གྱི་གསར་བརྗེའི་སློབ་དཔོན་མར་ཁེ་སི་ཡི་འོད་སྟོང་འབར་བའི་མི་ཚེ”དང“མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གཟི་བརྗིད་ཀྱི་ལོ་རྒྱུས་ལམ་བུ” “གསར་དུ་བརྩམས་པའི་མར་ཁེ་སི་རིང་ལུགས་བརྗོད་གཞི་རུ་བྱས་པའི་མཛེས་རྩལ་བརྩམས་ཆོས”བཅས་ཁག་གསུམ་དུ་དབྱེ་ཡོད་པ་དང་། གཙོ་བོར་མར་ཁེ་སི་དང་ཨེན་ཀི་སི། ལེ་ཉིན་བཅས་ཀྱི་ཕྱག་བྲིས་དང་ཟིན་དེབ། དངོས་སུ་མིང་བཀོད་པའི་དཔེ་ཆའི་མ་པར་སོགས་རྩ་ཆེ་བའི་ཚད་ལྡན་ཡིག་ཆ་བརྒྱ་ལྷག་དང་དཔེ་སྣ་དགུ་བརྒྱ་ལྷག པར་རིས་བརྒྱ་དང་ལྔ་བཅུ་ལྷག མར་ཁེ་སི་རིང་ལུགས་བརྗོད་གཞི་རུ་བྱས་པའི་རི་མོའི་བརྩམས་ཆོས་བདུན་ཅུ་ལྷག འཇིམ་རྐོས་བརྩམས་ཆོས་དྲུག་སོགས་འགྲེམ་སྟོན་བྱས་པ་བརྒྱུད་དེ། མར་ཁེ་སི་ཡི་སྐུ་ཚེ་ཧྲིལ་བོ་དང་གསར་བརྗེའི་ལག་ལེན། གཞུང་ལུགས་བྱས་རྗེས། བསམ་པའི་ཡུལ་ཁམས་བཅས་འགྲེམ་སྟོན་བྱས་པ་མ་ཟད། མར་ཁེ་སི་རིང་ལུགས་ཀྲུང་གོ་ནས་བརྒྱུད་སྒྲོག་བཀོལ་སྤྱོད་དང་འཕེལ་རྒྱས་སུ་བཏང་བའི་ལོ་རྒྱུས་འགྲེམ་སྟོན་བྱས།

འགྲེམ་སྟོན་གཙོ་སྒྲུབ་བྱས་པའི་སྡེ་ཁག་དང་འགན་ཁུར་མཁན་གྱི་སྡེ་ཁག ཀྲུང་དབྱང་ཏང་གི་སློབ་གྲྭ སློབ་གསོ་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ། ཀྲུང་དབྱང་དྲིལ་སྒྲོག་རིག་གནས་སྡེ་ཁག པེ་ཅིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་དང་། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་འཐུས་ཚབ་དང་ཕྱི་རྒྱལ་གྱི་འགྲེམ་སྟོན་ཐོན་རྫས་བསྐྱི་གཏོང་ལས་ཁུངས་ཀྱི་འཐུས་ཚབ་སོགས་མི་དྲུག་བརྒྱ་འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོར་ཞུགས། རྒྱུས་ལོན་བྱུང་བ་ལྟར་ན། འགྲེམ་སྟོན་དེ་ཟླ་བརྒྱད་པའི་ཚེས་ལྔ་ཉིན་བར་བསྡུ་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།