ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་བློ་འདོན་ཇུས་འབུལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 cfa968b6c94340b88148285be3f98b8f.jpg
ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་ནི་རིག་གནས་ཡིད་ཆེས་དང་རིག་གནས་མོས་མཐུན་སྐྱེད་སྲིང་བྱེད་པའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན། གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུས་ལོ་རྒྱུས་རིག་གནས་ཀྱི་མཁར་གྲོངས་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པ་གྲོས་དོན་གཙོ་བོར་བཟུང་སྟེ། སྲིད་གྲོས་ཨུ་ཡོན་གྱི་རིག་ནུས་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པའི་ཐད་ལ་བློ་འདོན་ཇུས་འབུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་རྒྱུས་རིག་གནས་ཤུལ་གཞག་ལ་སྲུང་སྐྱོབ་བཟང་བོ་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། ལོ་རྒྱུས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བའི་སྙིང་སྟོབས་ལྟར། སྔོན་ལ་སྲུང་སྐྱོབ་བྱེད་པ་དང་། ལུགས་མཐུན་སྒོས་བེད་སྤྱོད་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གྲོང་ཁྱེར་ལེགས་བསྒྱུར་གསར་གཏོད་བྱེད་པ་དང་ལོ་རྒྱུས་རིག་གནས་ཤུལ་གཞག་ལ་སྲུང་སྐྱོབ་བྱེད་པ་གཉིས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་དགོས་ཟེར།

ཨུ་ཡོན་དང་རིག་གནས་པ་བཅོ་ལྔས་ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་དང་བྱེད་ཐབས། རྒྱབ་སྐྱོར་འགན་སྲུང་། ལྟ་སྐུལ་འགན་དཀྲི་བཅས་ལ་དམིགས་ཏེ་བསམ་འཆར་དང་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཞིན་ཁྲིན་གྱིས་གཏམ་གཙོ་བོ་བཤད། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། རིག་གནས་གནས་སྐོར་པུའུ་བཅས་ཀྱི་འགན་ཁུར་བས་བརྗེ་རེས་གཏམ་བཤད་སྤེལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།