ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་མི་དམངས་དྲ་ངོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་ཁྲིད་སུམ་ཅུ་ཞེས་པའི་དཔེ་ཆར་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་ཁྲིད་སུམ་ཅུ་ཞེས་པའི་དཔེ་ཆར་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་སྐུལ་འདེད་གཏོང་ཆེད། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཉེ་ལམ་མི་དམངས་དྲ་ངོས་ནས་དྲ་ཐོག་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བསྡུས་ཏེ། ཆེད་མཁས་པ་དང་ཤེས་ཡོན་ཅན་བཅུ་བདུན་གདན་དྲངས་ནས་དཔེ་ཆ་དེའི་ནང་དོན་གཙོ་བོ་རྒྱས་འགྲེལ་བྱས་པར་མ་ཟད་དྲ་གྲོགས་ཚོས་བཏོན་པའི་དྲི་བར་ལན་བཏབ། ཚང་མས་གཅིག་གྱུར་སྒོས་བལྟས་ན། འཆད་ཁྲིད་སུམ་ཅུ་ལ་སློབ་སྦྱོང་དང་བཀོལ་སྤྱོད་བཟང་བོ་བྱས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད་པར་སྙམ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།