ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འགོ་འཛིན་མཛད་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པར་བློ་འདོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་གལ་ཆེན་ཡིན་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མིག་རྒྱ་ཆེན་པོས་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པར་ངོས་འཛིན་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གསར་པས་ཁུགས་ཁུལ་ཆེན་མོའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་ནས། ས་ཁུལ་གསུམ་གྱི་ཁྱད་སྟོབས་གཅིག་བསྡུས་ལེགས་སྒྲིག་བྱས་ཏེ། གསོན་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཀྱིས་ཕྱུག་པའི་ཁུགས་ཁུལ་རྩེ་གྲས་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་གྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཟེར།

ཨུ་ཡོན་དང་མཁས་པ་བཅུ་དྲུག་གིས་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་དང་། རྒྱུ་རྐྱེན་མཉམ་འབྲེལ་མཉམ་འདྲེས། སློབ་གསོ་སྨན་བཅོས་མཉམ་ལས། ཤེས་ལྡན་པའི་བརྗེ་རེས། ན་གཞོན་ལས་སྐྲུན་ལས་ཞུགས་སོགས་ཀྱི་ཐད་ནས། ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པར་བསམ་འཆར་དང་གྲོས་གཞི་བཏོན། ཚང་མས་བལྟས་ན། ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པ་དེ་ནང་ལོགས་དང་ཞང་ཀང་ཨོ་མིན་གྱི་གཉིས་ཕན་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་། ཞང་ཀང་ཨོ་མིན་ཡུན་རིང་དར་རྒྱས་གོང་འཕེལ་དུ་འགྲོ་བར་ཁག་ཐེག་བྱེད་པར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་པར་འདོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧུ་ཧྭ་དང་ལེང་ཀྲིན་དབྱིན་གཉིས་ཀྱིས་གཙོ་གཞིའི་གཏམ་བཤད་སྤེལ།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་། ཀོང་ཏུང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཀྱིས་ཕན་ཚུན་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།