ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང2018ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་དམིགས་བསལ་གྱི་ཞུ་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180920092745hLHv.jpg

ཟླ9པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐེན་ཅིན་གྱི་མཱེ་ཅང་འགྲེམ་སྟོན་ལྟེ་གནས་ནས་ཉིས་སྟོང་བཅོ་བརྒྱད་ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་དམིགས་བསལ་གྱི་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཐེན་ཅིན་གྱི་མཱེ་ཅང་འགྲེམ་སྟོན་ལྟེ་གནས་ནས་ཉིས་སྟོང་བཅོ་བརྒྱད་ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་དམིགས་བསལ་གྱི་ཞུ་ཚིག་ཕུལ།

ལིས་ཁི་ཆང་གིས་བསྟན་དོན། དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་བཙུགས་པའི་ལོ་འདི་དག་གི་རིང་ནི། ཕྱོགས་སོ་སོས་རྒྱལ་སྤྱིའི་དངུལ་རྩའི་ཉེན་ཚབས་ལ་ཁ་གཏད་འཇལ་བ་དང་། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་བཏང་བའི་དུས་སྐབས་ཡིན། དཀའ་ཚེགས་ཆེ་བའི་ལོ་ཟླ་བརྒྱུད་རྗེས། འཛམ་གླིང་གི་དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་དར་བྱུང་། ཡིན་ནའང་དེང་སྐབས་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་དུ་གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འཛམ་གླིང་ལས་ལྡོག་པའི་གནས་ཚུལ་རིམ་བཞིན་འབྱུང་བཞིན་ཡོད་པས། སྒུལ་ནུས་གསར་པ་ཇི་ལྟར་མུ་མཐུད་ནས་རྒྱ་བསྐྱེད་པ་དང་། འཛམ་གླིང་གི་དཔལ་འབྱོར་རྒྱུན་སྲིང་དང་གཏན་འཇགས་སྒོས་འཕེལ་བར་ཡར་སྐུལ་བྱེད་པ་ནི་ཕྱོགས་སོ་སོས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་ཡིན། སྐབས་འདིའི་གླེང་སྟེགས་ཀྱིས་བཟོ་ལས་གསར་བརྗེ་ཐེངས་བཞི་པའི་ཁྲོད་དུ་གསར་གཏོད་རང་བཞིན་གྱི་སྤྱི་ཚོགས་བསྐྲུན་དགོས་ཞེས་པ་བརྗོད་གཞིར་བཟུང་བ་དེ་ལ་ཁ་གཏད་རང་བཞིན་ཧ་ཅང་དྲག་པོ་ལྡན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཕྱོགས་སོ་སོས་ཁྱད་སྟོབས་གསབ་རེས་བྱས་ནས། བཟོ་ལས་གསར་པའི་གསར་བརྗེའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་ལ། འཕེལ་རྒྱས་ཀྱི་དཀྱེལ་ཡངས་རང་བཞིན་ཇེ་དྲག་ཏུ་བཏང་ནས། ཕན་འདོགས་ཀྱི་རྒྱ་ཇེ་ཆེ་ཡིན་ཞིང་དཀྱེལ་ཡངས་རང་བཞིན་སྔར་ལས་དྲག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པ་དང་། མཉམ་འདྲེས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལ་ཤུགས་ཆེན་པོས་ཡར་སྐུལ་བྱས་ཏེ། སྒུལ་ནུས་གསར་པ་རྒྱ་བསྐྱེད་པར་བར་སྟོང་སྔར་ལས་ཡངས་པོ་བསྐྲུན་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་སྒུལ་ནུས་གསར་རྙིང་བརྗེ་སྤོར་གྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། དཀའ་ཁག་དང་འགྲན་རྩོད་མི་ཉུང་བ་གནས་ཡོད། ང་ཚོས་གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཞེས་པའི་གཙོ་ཐིག་འདི་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་རའི་གསོན་ཤུགས་སྔར་ལས་བསྐྱེད་པ་དང་། ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ནང་མཁོའི་སྦས་ཤུགས་འདོན་པ་བཅས་བྱས་ནས། དཔལ་འབྱོར་མགྱོགས་ཚད་རབ་འབྲིང་གིས་འཕེལ་བ་དང་། ཐོན་ལས་ཆུ་ཚད་མཐོ་འབྲིང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། གཅིག ཤུགས་སྔར་ལས་ཆེན་པོས་བཅོས་སྒྱུར་སྒོ་འབྱེད་སྤེལ་རྒྱུ་ཡིན། གཉིས། ཤུགས་སྔར་ལས་ཆེན་པོས་སྒྲིག་གཞི་ལེགས་སྒྲིག་བྱེད་རྒྱུ་ཡིན། གསུམ། ཤུགས་སྔར་ལས་ཆེན་པོས་གསར་གཏོད་ལ་སྐུལ་མ་གཏོང་རྒྱུ་ཡིན་ཟེར།

ཡུལ་དངོས་ཀྱི་སྐུ་མགྲོན་ཚང་མས་ལིས་ཁི་ཆང་གིས་ཞུ་ཚིག་ཕུལ་བར་དགའ་སྤྲོའི་ཐལ་མོ་ཐེངས་མང་བརྡེབས། ཞུ་ཚིག་ཕུལ་རྗེས། ལིས་ཁི་ཆང་གིས་ད་དུང་ཆེ་མཐོང་དཔལ་འབྱོར་གནས་བབ་སོགས་ཀྱི་ཐད་ནས་དྲི་བར་ལན་བཏབ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།