ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་རྒྱུན་འཛིན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་ཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན་ལྟར་ན། ཟླ12པའི་ཚེས9ཉིན་ལ། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་སྔར་བས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཟང་བོ་བྱ་ཆེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་ཞིང་། པེ་ཅིང་བོད་ལུགས་སྨན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་རྒྱུན་འཛིན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྤེལ། བགྲོ་གླེང་ཚོགས་འདུ་འདི་ལས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་ཀྱི་གནད་དོན་ཐད་བགྲོ་གླེང་གཏིང་ཟབ་བྱས་པ་མ་ཟད། ལོ་ལྔའི་འཆར་གཞི་བཟོས་ཏེ་ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱས་ནས། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དེ་བདེ་བླག་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

 བགྲོ་གླེང་ཚོགས་འདུའི་ཐོག་བོད་ལྗོངས་སྨན་རྩིས་ཁང་གི་འགོ་འཛིན་པདྨ་གཡང་སྒྲོན་དང་། བོད་ལྗོངས་བོད་སྨན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དབྱངས་དགའ། མཚོ་སྔོན་བོད་སྨན་ཁང་གི་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཚན་ཁག་གི་ཀྲུའུ་རེན་གཡང་འབུམ་བཀྲ་ཤིས་བཅས་གདན་འདྲེན་ཞུས། ཐེངས་འདིའི་དངོས་པོ་ཙམ་མ་ཡིན་པའི་ཤུལ་བཞག་རིག་གནས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མཚོན་བྱེད་མིང་ཐོར་རེ་ཞུ་བྱེད་པའི་ལས་དོན་སྐོར་ངོ་སྤྲོད་བྱས་པ་དང་། པེ་ཅིང་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བོད་ཀྱི་གསོ་བ་རིག་པའི་མཁས་དབང་མང་བོ་གདན་ཞུས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་མིག་སྔའི་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་སྐོར་ལ་ཆེད་དོན་བགྲོ་གླེང་གཏིང་ཟབ་བྱས། གཞན་ཡང་། པེ་ཅིང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། པེ་ཅིང་ཀྲུང་ལུགས་གསོ་བ་རིག་པའི་སློབ་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།