ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ12པའི་ཚེས12ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཐོབ་ཁྲལ་གཟིགས་སྐྱོང་གིས་ལས་སྐྲུན་དངུལ་གཏོང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ལས་སྐྲུན་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་ཚད་ཆེ་རུ་གཏོང་རྒྱུ་ཐག་བཅད་པར་མ་ཟད། ཞིང་ལས་འཕྲུལ་ཆས་ཅན་དང་ཞིང་འཕྲུལ་སྒྲིག་བཀོད་ཐོན་ལས་རིམ་སྤོར་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ནས་ཞིང་སྡེ་དར་སྤེལ་དང་ཞིང་གསུམ་འཕེལ་རྒྱས་ལ་རོགས་འདེགས་བྱེད་པར་བཀོད་སྒྲིག་བྱས་ལ། 2018ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཞིབ་དཔྱད་མཇུག་འབྲས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་འདུ་ལས2018ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འདེམ་མི་དང་བྱ་དགའི་རིགས། བྱ་དགའི་རིམ་པ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཚན་རྩལ་མི་སྣ་སྔར་ལས་མང་པོ་དང་ལྷག་པར་དུ་ན་གཞོན་དག་ཚན་ཞིབ་འགག་སྒྲོལ་ནང་ཞུགས་ཏེ། རྒྱལ་སྤྱིའི་གསར་སྐྲུན་མཉམ་ལས་རྒྱ་བསྐྱེད་ནས་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་མ་བཏང་།

ཚོགས་འདུ་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།