ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཉིས་སྟོང་བཅུ་དགུ་ལོའི་ལོ་སར་སྣེ་ལེན་ཚོགས་འདུ་བསྡུས།

    སྤེལ་དུས། : 2018-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཉིས་སྟོང་བཅུ་དགུ་ལོའི་ལོ་སར་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་སྣེ་ལེན་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ་ཧོང་ཁུན་མེན་གྱིས་སྣེ་ལེན་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་དང་གླེང་མོལ་བྱས་པར་མ་ཟད་ཚང་མས་ཀྲུང་གོའི་གཏམ་རྒྱུད་ལྷུག་པར་བརྗོད་པ་དང་རྒྱལ་ཁབ་ཕྱི་ནང་བར་དུ་འབྲེལ་འདྲིས་དང་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་འབད་བརྩོན་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན། ལོ་བདུན་ཅུའི་རིང་ལ་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་ལས་སྤེལ་དང་སྤོབས་པ་ཆེན་པོས་འབད་འཐབ་བྱས་པས་ཀྲུང་གོར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་། ཕྱི་རྒྱལ་གྱི་མགྲོན་པོ་རྣམས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་དོན་དངོས་དང་ཁྱོན་ཡོངས་ནས་འཛམ་གླིང་ཡོངས་ལ་ཀྲུང་གོ་མཚམས་སྦྱོར་བྱེད་དགོས་ཟེར།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞུའུ་ལིན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྔར་ལས་སྒོ་འབྱེད་དང་སྔར་ལས་རང་འགུལ་གྱི་བྱ་སྤྱོད་ལ་བརྟེན་ནས་ལས་རིགས་སོ་སོའི་གྲོགས་པོ་རྣམས་དང་འབྲེལ་འདྲིས་དང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། ཚང་མར་སྤུས་ཚད་ལེགས་ཤིང་ཕན་འབྲས་མཐོ་བ་དང་ཆེད་ལས་ལྡན་པའི་ཞབས་ཕྱི་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ལས་རིགས་ཀྱི་མི་སྣ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གསར་འགྱུར་མགྲིན་ཚབ་པ། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་ཁ་ཤས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་སོགས་མི་བཞི་བརྒྱ་ལྷག་སྣེ་ལེན་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།