ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཁྱབ་བསྒྲགས་བྱས།

སྲོལ་ཡིག་ནང་བསྟན་དོན། མེ་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་གསར་བ་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས1994ལོར་གཏན་འབེབས་བྱས་པའི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ལ་བཟོ་བཅོས་བྱས་པ་སྟེ། གཙོ་བོར། སྡོད་དམངས་མི་སྒེར་གྱི་ཚད་གཞི་དང་མཐུན་པའི་ཕྱི་རྒྱལ་པའི་ཁྲལ་བསྡུ་ཐད་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཕྱིའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་། རང་བདག་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཆེད། སྒེར་ཚོང་གཉེར་མཁན་སོགས་ཚོང་གཉེར་གཙོ་གཞི་ཡི་ཚོང་གཉེར་ཐད་ཀྱི་ཡོང་འབབ་ལ་རྩིས་རྒྱག་སྐབས་ཁྱིམ་ཚང་གིས་ངེས་པར་གཏོང་དགོས་པའི་འགྲོ་གྲོན་ཇེ་ཉུང་དུ་གཏོང་བ། མི་སྒེར་གྱིས་རྒྱལ་ཁབ་ཀྱི་གཏན་ཁེལ་དང་མཐུན་པའི་ཁེ་ལས་ཀྱི་ལོ་ཧྲིལ་བོའི་དངུལ་དང་ལས་རིགས་ཀྱི་ལོ་ཧྲིལ་བོའི་དངུལ་སྤྲོད་དགོས་པ་གཏན་ཁེལ་གསལ་བོ་བྱེད་པ་དང་། རྒྱལ་ཁབ་ཀྱི་གཏན་ཁེལ་དང་མཐུན་པའི་ཚོང་ལས་བདེ་ཐང་འགན་སྲུང་ཉོ་བསྡུ་བྱེད་པ། རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པའི་རྣམ་གྲངས་གཞན་པའི་ཐད་ནས་ཁྲིམས་ལྟར་འཐེན་འཕྲི་བྱེད་པ། ཆེད་དོན་ཟུར་སྣོན་འཐེན་འཕྲི་སྲིད་ཇུས་ཀྱི་འབྲེལ་ཡོད་ཁྲལ་བསྡུ་ཞབས་ཞུ་ལེགས་བསྒྱུར་བྱེད་པ་སོགས་འདུ།

བཟོ་བཅོས་བྱས་རྗེས་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་དེ2019ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་གསར་བ་དང་མཉམ་དུ་ལག་བསྟར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།