ཀྲུང་གོ་བོད་ཀྱི་དྲ་བ།

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123898232_15456537639721n.jpg

ཟླ12པའི་ཚེས23ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་བཅོས་བསྒྱུར་གཞུང་སྒྲུབ་ཁང་། ཀྲུང་དབྱང་ཏང་གི་སློབ་གྲྭ ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཚོང་དོན་པུའུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་བཅས་ཀྱིས་པེ་ཅིན་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས23ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་བཅོས་སྒྱུར་གཞུང་སྒྲུབ་ཁང་། ཀྲུང་དབྱང་ཏང་གི་སློབ་གྲྭ ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཚོང་དོན་པུའུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་བཅས་ཀྱིས་པེ་ཅིན་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་བསྡུས། ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལག་ལེན་བཟང་བོ་དང་ཉམས་མྱོང་རྩ་ཆེན་ཐད་ཀྱི་ཞིབ་འཇུག་དང་འགྲེལ་བཤད་ལ་ཤུགས་བསྣན་ནས། བཅོས་བསྒྱུར་སྒོ་འབྱེད་མཐའ་གཅིག་ཏུ་སྤེལ་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཐད་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཧུའུ་ཉིང་གིས་བསྟན་དོན། དུས་རབས་གསར་བར་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་བསྒྱུར་སྒོ་འབྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་རྒྱུན་ལོན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། གཞུང་ལུགས་ལས་རིགས་ཀྱིས་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བྱེད་པའི་སྟེང་གྲུབ་འབྲས་གསར་བ་ལེན་པ་དང་། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལག་ལེན་དང་ཉམས་མྱོང་ལ་ཞིབ་འཇུག་དང་སྤྱི་སྡོམ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ། དུས་རབས་གསར་བའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གནད་དོན་གལ་ཆེན་ལ་ལེན་པའི་ཐད་ནས་གྲུབ་འབྲས་་གསར་བ་ལེན་པ། མྱུར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་པའི་སྟེང་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ཧོང་ཁུན་མིན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས། ཁེ་ལས་ཀྱི་འགན་ཁུར་བློ་མཐུན་དང་ཆེད་མཁས་པ་ཉི་ཤུ་ཡིས་གཏམ་བཤད། བགྲོ་གླེང་ཚོགས་འདུའི་གཙོ་སྒྲུབ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་ཆེད་མཁས་པའི་འཐུས་ཚབ་པ། གཞུང་ལུགས་ཞིབ་འཇུག་ལས་ཁུངས་སྐོར་ཞིག ས་གནས་ཀྱི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་སོགས་བསྡོམས་པས་མི་སུམ་བརྒྱ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།