ཝང་ཧུའུ་ཉིང་སློབ་སྦྱོང་བརྒྱུད་དེ་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་དྲ་ཐོག་སློབ་སྦྱོང་སྟེགས་བུ་དངོས་སུ་བཀོལ་སྤྱོད་བྱེད་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་སྦྱོང་བརྒྱུད་དེ་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་དྲ་ཐོག་སློབ་སྦྱོང་སྟེགས་བུ་དངོས་སུ་བཀོལ་སྤྱོད་བྱེད་འགོ་རྩོམ་པའི་མཛད་སྒོ་ཟླ་དང་པོའི་ཚེས་གཅིག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཛད་སྒོར་ཞུགས་པར་མ་ཟད་སྟེགས་བུ་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སློབ་སྦྱོང་བརྒྱུད་དེ་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་དྲ་ཐོག་སློབ་སྦྱོང་སྟེགས་བུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྦྱོང་ལ་ཤུགས་སྣོན་པ་དང་སློབ་སྦྱོང་གི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཡོངས་ཀྱིས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་། གནས་བབ་གསར་བའི་འོག་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་བསམ་བློ་སློབ་གསོ་ལ་ཤུགས་སྣོན་པའི་གསར་གཏོད་དང་འཚོལ་ཞིབ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།