ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་གཞི་རིམ་གྱི་ཞིབ་བཤེར་ཆོག་མཆན་ཞབས་ཕྱི་ལེགས་སྒྲིག་ཁྲིམས་སྐྱོང་སྟོབས་ཤུགས་ཇེ་ཆེར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་གཞི་རིམ་གྱི་ཞིབ་བཤེར་ཆོག་མཆན་ཞབས་ཕྱི་ལེགས་སྒྲིག་ཁྲིམས་སྐྱོང་སྟོབས་ཤུགས་ཇེ་ཆེར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་ཕྱོགས་བསྡུས་སྒོས་གཞི་རིམ་དུ་ཞིབ་བཤེར་ཆོག་མཆན་ཞབས་ཕྱི་སྒྲིག་གཞི་འཛུགས་པ་དང་ཧུར་ཐག་སྒོས་གཞི་རིམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་དྲ་རྒྱའི་དོ་དམ་དང་བཀོད་འདོམས་སྟེགས་བུ་ལ་ལེགས་སྒྲིག་བྱེད་པ། ཤུགས་ཆེན་པོས་ཐོན་ཁུངས་ཞབས་ཕྱིའི་དོམ་ནུས་པ་ཇེ་ཆེར་གཏོང་བ། གོང་རིམ་ལས་ཁུངས་ཀྱིས་གཞི་རིམ་ལ་འགོ་ཁྲིད་པའི་རྣམ་པ་ལེགས་སྒྱུར་བྱེད་པ་སོགས་ཕྱོགས་ཀྱི་བྱ་བའི་ཐད་ལ་བྱེ་བྲག་གི་ལག་བསྟར་བསམ་འཆར་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།