ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་གསེབ་ཀྱི་ངལ་རྩོལ་བའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི2019ལོའི་དཔྱིད་རླུང་བྱ་སྤྱོད་ལག་ལེན་བསྟར་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། “2019ལོའི་དཔྱིད་རླུང་བྱ་སྤྱོད”ཚེས12ཉིན་ལག་ལེན་བསྟར་འགོ་ཚུགས་པ་དང་བྱ་སྤྱོད་དེས་ལས་བསྡུའི་བྱེད་སྒོ་སྒྲིག་འཛུགས་དང་། ལས་ཞུགས་ཞབས་འདེགས་ལ་ཤུགས་སྣོན། ཕ་ཡུལ་དུ་ལོག་ནས་ལས་གཏོད་ལ་ཁྲིད་སྟོན། ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་སོགས་ཀྱི་བྱེད་ཐབས་བརྒྱུད། གྲོང་གསེབ་ཀྱི་ངལ་རྩོལ་པས་ལས་ཞུགས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། བྱ་སྤྱོད་ཟླ3པའི་ཚེས15ཉིན་བར་སྤེལ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་རླུང་བྱ་སྤྱོད་ནི་ལས་ཞུགས་ཞབས་འདེགས་ཀྱི་ཆེད་དོན་བྱེད་སྒོའི་སྤུས་རྟགས་གཙོ་བོའི་གྲས་ཤིག་ཡིན་པ་དང་འདི་ལོ་ནི་བསྟུད་མར་ཐེངས་བཅོ་ལྔ་སྤེལ་བའི་ལོ་རེད། འདི་ལོའི་བྱེད་སྒོས་ལས་ཞུགས་ཀྱི་ཞབས་འདེགས་ལ་ཤུགས་སྣོན་རྒྱག་པར་གཙོ་གནད་དམིགས་ཏེ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དེའི་ཁྲོད་ཐབས་ལམ་མང་པོ་སྤྱད་ནས་ལས་གནས་འཚོལ་བསྡུ་དང་། སྔ་སྣུར་དུ་ཆ་འཕྲིན་ཡོངས་བསྒྲགས། རྣམ་པ་སྣ་ཚོགས་ཀྱི་ལས་བསྡུའི་བྱེད་སྒོ་སྤེལ་བ། “ངོ་འཕྲད་གདོང་གཏུག”གི་ས་གནས་ས་ཐོག་གི་ཞབས་འདེགས་དང“གནས་དང་གནས་དབར”གྱི་དྲ་ཐོག་ཆ་འཕྲིན་བརྒྱུད་གཏོང་། ཁྲོམ་རའི་སྒྲིག་གཞིར་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་ཚུད་པ་དང་ཞབས་འདེགས་གནད་སྨིན་ནུས་ལྡན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད། ངལ་ནུས་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་གི་ལས་ཞུགས་ལ་རོགས་སྐྱོར་ཏན་ཏིག་བྱ་རྒྱུ་རེད། གཞན་ཡང་ད་དུང་ལས་གཏོད་ཀྱི་ཞབས་འདེགས་དང་ལས་གཏོད་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ནས་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་བསྐྱོད་དེ་ལས་གཏོད་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་དང་། ལས་བསྡུ་རྫུན་མའི་གྱོད་དཔེའི་ཉེན་ཟོན་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་ཁེ་ལས་ཀྱིས་ལས་མི་སྤྱོད་པར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་ཧུར་ཐག་བྱ་རྒྱུ་རེད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།