ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕེན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124226720_15523858292931n.jpg

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས12ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བ་དང་། ལོ་བརྒྱའི་འབད་བརྩོན་དམིགས་འབེན་དང་པོ་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་ལ། རང་དམག་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་འཛུགས་སྐྲུན་དང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན2020ལོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་མཁྲེགས་གཏོར་གྱི་ལོ་ཡང་ཡིན་པས། དམག་ཡོངས་ཀྱིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་ནས་འགོ་བརྩམས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དངོས་འབེབས་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་པ་བརྒྱུད། ཆོད་སེམས་དང་བློ་རྩ་འགྱུར་མེད་དང་། ལས་འགན་དང་འགན་འཁྲི་ལ་ཤུགས་བསྣན་ཏེ། ཡར་རྒྱས་བརྩོན་ལེན་གྱིས་འཆར་འགོད་དངོས་འབེབས་མཁྲེགས་གཏོར་བྱ་བ་ལེགས་པོར་བསྒྲུབ་ནས། གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དུས་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།