ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་མཇུག་སྒྲིལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124232224_15524998341451n.jpg

ཟླ3པའི་ཚེས13ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་བ་དང་། ཞི་ཅིན་ཕེན་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་བ་རེད། གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཐེ་ཞུགས་སྡེ་ཚན་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ། མུ་མཐུད་འབད་འཐབ་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལས་ཀར་བཏོན་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐོག  ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་བཅས་ཀྱི་ཆེད་དུ་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འབུལ་དགོས་པའི་འབོད་སྐུལ་གནང་།

གྲོས་ཚོགས་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲེན་ཀུང་། ཝང་ཀྲིན་ཝེ། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། ཡང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིན། ཧོ་ལིས་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེན། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཞི་ཅིན་ཕེན་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད9དང་སྐར་མ30ཡི་ཐོག་མཇུག་སྒྲིལ་ཚོགས་འདུ་འགོ་ཚུགས་ཤིང་། ཝང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན་2157ཡོད་པ་དང་དངོས་སུ་ཕེབས་པ2123ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།

གྲོས་ཚོགས་ཐོག  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

1124232183_15524921654351n.jpg

ཟླ3པའི་ཚེས13ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་བ་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་མཛད་པ་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་གསུང་བཤད་གནང་སྐབས། ཐེངས་འདིའི་གྲོས་ཚོགས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དེ་གནད་འགག་གི་ལོ་ལ་སླེབས་སྐབས་སྐོང་འཚོགས་བྱས་པ་ཞིག་ཡིན་པས། ཀྲུང་གུང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། འབྲེལ་ཡོད་ཕྱོགས་ཁག་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་པ་མ་ཟད་ལས་རིགས་ཁག་གི་ཚན་ཆུང་ནང་ཟབ་ཞུགས་ཀྱིས་བསམ་འཆར་དང་གྲོས་གཞིར་གསན་པ་དང་། ཨུ་ཡོན་རྣམས་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་གནང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་གནང་བ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་གྲོས་མོལ་གཏིང་ཟབ་གནང་བ་དང་། གྲོས་མོལ་ཧུར་ཐག་བྱས་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད། གྲོས་ཚོགས་ཀྱིས་དམངས་གཙོ་དར་སྤེལ་གང་ལེགས་འདོན་སྤེལ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་བྱས་པས། དེ་ནི་དངོས་ཐོག་བདེན་འཚོལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཡིན་ཞིང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་འདིའི་ཁྱད་འཕགས་བཟང་ཆ་མངོན་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་གསོན་ཤུགས་དང་སྐྱེ་སྟོབས་མངོན་ཡོད་ཅེས་གསུངས་པ་རེད།

ཝང་དབྱང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་ཡིན་པ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ཀྱང་ལོ་ངོ70ཟིན་གྲབས་ཡོད། ལོ་ངོ70རིང་ལ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་འཛུགས་པ་དང་། ཀྲུང་གོ་གསར་པ་འཛུགས་སྐྲུན། སྒྱུར་བཅོས་ལམ་བུ་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པའི་ལག་ལེན་ནང་ཞུགས་པ་དང་འོད་སྟོང་འཕྲོ་བའི་ལམ་བུ་བརྒྱུད་དེ་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། མི་དམངས་སྲིད་གྲོས་ཀྱི་གར་སྟེགས་སྔར་བས་རྒྱ་ཆེ་བ་དང་། འགན་འཁྲི་སྔར་བས་ལྕི་བས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཏེ་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གནས་བབ་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཁོང་དུ་ཆུད་པ་བྱས་ནས་དད་སེམས་དང་བརྟན་ཤུགས་བརྟན་པོར་སྲུང་བ། ཉམས་མྱོང་དང་བློ་གྲོས་བསྡུ་ལེན་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་བརྩི་མཐོང་དང་། སློབ་སྦྱོང་ལ་ཤུགས་སྣོན། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གྲུབ་འབྲས་དེ་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞིར་འགྱུར་བ་བྱས་ཏེ། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་དར་ཆའི་འོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱ་དགོས། གསར་གཏོད་ལ་བརྩི་མཐོང་དང་། གསར་གཏོད་བྱེད་ཕོད་པ། གྲོས་མོལ་དམངས་གཙོའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་གོ་རིམ་དང་འཁོར་སྐྱོད་བྱེད་སྟངས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་འཇགས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ལ་བརྩི་མཐོང་དང་། མཐུན་སྒྲིལ་ཇེ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཤུགས་འདོན་གྱི་ལས་ཀར་ཤུགས་སྣོན་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུ་བའི་མཉམ་ཤུགས་གཅིག་བསྡུས་བྱས་ཏེ། འབད་བརྩོན་ཆེན་པོས་ཀུན་སེམས་གཅིག་འགྲིལ་གྱི་རྣམ་པ་ཆགས་པར་བྱེད་དགོས་ཟེར། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལ་དུས་རབས་གསར་པའི་རྣམ་པ་ཡོད་དགོས་པ་དང་། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་ལའང་དུས་རབས་གསར་པའི་གཟུགས་བརྙན་ཡོད་དགོས། ཨུ་ཡོན་དཔུང་སྡེ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ནུས་ཤུགས་ཆེན་པོས་སྤྱི་ཡོངས་ཀྱི་བྱང་ཚད་དང་འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བ་དང་། འགན་འཁྲི་གསར་པ་ཁུར་བ། གཟི་བརྗིད་གསར་པ་སྐྲུན་དགོས། འབད་འཐབ་ཀྱི་རྣམ་འགྱུར་དང་ཧུར་སེམས་རྒྱུན་འཁྱོངས་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་།  འཐབ་རྩོད་བྱེད་མཁས་པ།  ནམ་ཡང་མཚམས་འཇོག་མི་བྱེད་པ།  ནམ་ཡང་ལྷོད་གཡེང་མི་གཏོང་བ་བཅས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་སེམས་ལ་འཇོག་པ་དང་། དམངས་འཚོར་དོ་ཁུར་བྱས་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཐེ་ཞུགས་པ་དང་ལག་ལེན་པ།  སྐུལ་འདེད་པ་བཅས་ཡག་པོ་བྱེད་པ། ལོ་རེའི་ཨུ་ཡོན་གྱི་ལས་འགན་ཡག་པོ་སྒྲུབ་པ་དང་དུས་རབས་ཀྱི་འདྲི་གཞིར་དྲིས་ལན་ཡག་པོ་བརྒྱབ་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་སྣང་མངོན་པར་བྱེད་དགོས་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་ལེའུ་འགོ་རྩོམ་དགོས་ཟེར།

མཇུག་སྒྲིལ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་ད་དུང་ཏིང་ཞའོ་ཞང་དང་ཝང་ཁྲིན། ལིག་ཧི། ཞུའུ་ཆི་ལེང་། སུང་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧོང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡོའུ་ཞ། ཁྲིན་ཞི། ཁྲིན་ཆོན་གོ  ཁྲིན་མེན་ཨར། ཧུའུ་ཁྲོན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚའེ་ཆི། ཡོའུ་ཆོན། ཚའོ་ཅན་མེན། ཀྲུང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པེན་ཞོན། ཨེ་ལིས་ཀུན.དབྱི་མེན་པཱ་ཧའེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏིན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏཱ་ཧྥུན། ཝུའུ་ཝེ་ཧྭ། ཝེ་ཧྥུན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི  ཀྲོའུ་ཆང་། ཀྲང་ཅུན་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་མཇུག་སྒྲིལ་ཚོགས་འདུར་ཟུར་ཞུགས་གནང་ཡོད།  ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ་དང་།  གསར་འགྱུར་དཔོན།   ཕྱིར་སྡོད་སྤུན་ཟླ་སོགས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས།

     ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།