ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ཉེར་དྲུག་པའི་སྟེང་མཚན་རྟགས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས15ཉིན་པེ་ཅིན་ནས་ཀྲུའུ་ཞི་བཀའ་རྒྱ་ཉེར་དྲུག་པའི་སྟེང་མཚན་རྟགས་བཀོད། ཀྲུའུ་ཞི་བཀའ་རྒྱ་ཉེར་དྲུག་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་ལ2019ལོའི་ཟླ3པའི་ཚེས15ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་བ་དང་། ད་ལྟ་དངོས་སུ་སྤྱི་བསྒྲགས་བྱས་ཡིན་ལ། 2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།