ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བ་མ་ཟད་དྲི་བར་ལན་བཏབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་ནང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་་འཕྲད་གནང་བ་མ་ཟད། གསར་འགོད་པའི་དྲི་བར་ལན་བཏབ།

དཔལ་འབྱོར་ཐད་ནས་ལིས་ཁི་ཆང་གིས་གསུང་རྒྱུར། ན་ནིང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། རྒྱལ་ཡོངས་གོང་འོག་ཡོངས་ཀྱིས་འབད་འཐབ་ལྷོད་མེད་སྒོས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བས། ཀྲུང་གོའི་དཔལ་འབྱོར་ཐད་ནས6.6%གིས་འཕར་སྣོན་བྱུང་བ་དང་། དེ་ལས་སླ་མོ་ཞིག་མ་རེད། འཛམ་གླིང་གི་དཔལ་འབྱོར་འཕེལ་ཚད་དལ་བ་དང་ཀྲུང་གོའི་དཔལ་འབྱོར་ཐད་ནས་ཉམས་རྒུད་ཀྱི་གནོན་ཤུགས་གསར་བར་ཐུག་པའི་གནས་ཚུལ་འོག ང་ཚོས་ད་ལོའི་དཔལ་འབྱོར་འཕར་ཚད་ཀྱི་དམིགས་འབེན6%ནས6.5%ཡིས་ཇེ་དམའ་རུ་བཏང་བ་དང་། བར་སྟོང་གི་ལེགས་སྒྲིག་དང་ཚོད་འཛིན་རྣམ་པ་སྤྱད་དེ། ལོ་སྔོན་མའི་འཕར་ཚད་དང་སྦྲེལ་མཐུད་བྱེད་ཐུབ་པར་བྱས། ད་ལོར། གནས་ཚུལ་གསར་བ་ཅི་འདྲ་ཞིག་ལ་འཕྲད་ཀྱང་ང་ཚོས་སྲིད་ཇུས་ཀྱི་བར་སྟོང་བསྐྱུར་ཡོད་ལ། མིག་སྔར་ལ་རྐང་འཛུགས་པ་དང་། ཡུན་རིང་བོར་བསམ་གཞིགས་གཏོང་བ། ཚོང་རའི་གསོན་ཤུགས་ཆེར་སྐྱེད་པ་བརྒྱུད་དེ་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཐེག་ཐུབ་པར་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་གཏན་འཇགས་དང་ཡུན་རིང་བོར་ཇེ་བཟང་དུ་འགྲོ་བའི་གནས་བབ་མི་འགྱུར་བ་རྒྱུན་འཁྱོངས་བྱས་ན། ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་དཔལ་འབྱོར་གཏན་འཇགས་སུ་བསྒྱུར་བའི་གྲུབ་ཆ་གལ་ཆེན་དུ་འགྱུར་ངེས་ཟེར།

ཁྲལ་འཁྲི་ཡོན་གཅོག་སྐོར་ནས་ལིས་ཁི་ཆང་གིས་གསུང་རྒྱུར། ད་ལོར་གཞི་ཁྱོན་ཆེ་བའི་ཁྲལ་འཁྲི་ཡོན་གཅོག་བྱས་པ་དེས་ཚོང་ར་གཙོ་གཞི་དུང་ཕྱུར་གཅིག་ལྷག་གི་གསོན་ཤུགས་ཆེར་སྐྱེད་པར་ཕན་འདོགས་ཐུབ་ལ། རིགས་མི་འདྲ་བའི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་དང་ཁེ་ལས་ཕྲན་ཆུང་ཀུན་ལ་ཕན་འདོགས་ཐུབ། དེའི་རྐྱེན་གྱིས་སྲིད་གཞུང་གིས་སྤྱིར་བཏང་རང་བཞིན་གྱི་འགྲོ་གྲོན་ཇེ་ཉུང་དུ་གཏོང་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་ད་དུང་ཆེད་བཙུགས་རྒྱལ་དབང་དངུལ་རྩའི་ལས་ཁུངས་དང་ཀྲུང་དབྱང་གི་ཁེ་ལས་ཀྱིས་ཁེ་སྤོགས་རྩིས་འབུལ་བྱེད་ཚད་ཇེ་མང་དུ་གཏོང་བ། ལོ་མང་པོར་གསོག་འཇོག་བྱས་པའི་ནོར་སྲིད་མ་དངུལ་ལ་རྩིས་བཤེར་བྱེད་པ་བརྒྱུད་དེ་མ་དངུལ་གྲབས་གསོག་བྱེད་རྒྱུའི་རེ་བ་བཏོན་ཡོད་ཟེར།

ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཐད་ནས་ལིས་ཁི་ཆང་གིས་གསུང་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ལོ་ངོ40ཡི་རིང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མི་ཉུང་བ་བླངས་པ་དང་། གནས་ཚུལ་མི་འདྲ་བ་ཡང་མང་པོ་བྱུང་། འོན་ཀྱང་སྤྱི་ཁོག་ནས་བཤད་ན་འཕེལ་རྒྱས་སུ་སོང་ཡོད་པ་དང་། ཐུན་མོང་ཁེ་ཕན་ནམ་ཡང་འགལ་རྩོད་ལས་གལ་ཆེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་སྤྱི་ཁོག་གི་གཏན་འཇགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ནས་གྲུབ་འབྲས་ལེན་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད་ལ། དེ་འཛམ་གླིང་ཡོངས་ཀྱི་རེ་བ་ཡང་རེད། ཕྱོགས་གཉིས་ཀྱིས་བློ་གྲོས་དང་མཉམ་ལས་ཀྱི་རྣམ་པར་བརྟེན་ནས་འགལ་རྩོད་ལ་ཚོད་འགོག་བྱེད་པ་དང་འགལ་བ་ཐག་གཅོད་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།

ལས་ཞུགས་སྐོར་ནས་ལིས་ཁི་ཆང་གིས་གསུང་རྒྱུར། ད་ལོར་ང་ཚོས་ཐོག་དང་པོར་ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་དང་ནོར་སྲིད་དང་དངུལ་ལོའི་་སྲིད་ཇུས་ཚང་མ་ཆེ་ཕྱོགས་སྲིད་ཇུས་ཁྲོད་བཞག་ནས། ་གྲོང་གསེབ་ཀྱི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་དུ་འཕར་སྣོན་བྱེད་པར་ཁག་ཐེག་བྱེད་པ་དང་། བྱ་བ་དངོས་ཁྲོད་མི་གྲངས་བྱེ་བ་གཅིག་དང་ས་ཡ་གསུམ་དུ་བསླེབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

སྒོ་འབྱེད་རྒྱ་སྐྱེད་པའི་སྐོར་ནས་ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོའི་སྒོ་འབྱེད་ཀྱི་ཚད་སྔར་ལས་ཇེ་ཆེ་ཡིན་ལ། ཁས་བླངས་པའི་བྱ་བ་ཚང་མ་ནན་ཏན་སྒོས་བསྒྲུབ་རྒྱུ་ཡིན་ཟེར།

དེ་ལས་གཞན། ལིས་ཁི་ཆང་གིས་ད་དུང་བཅོས་བསྒྱུར་དང་དམངས་ཚིས། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ། མཉམ་སྤྱོད་དཔལ་འབྱོར་དང་འཛད་སྤྱོད། ཀྲུང་གོ་དང་ཨུ་རུ་སི། ཀྲུང་གོ་དང་ཡོ་རོབ་གླིང་། མཐའ་སྐོར་གྱི་འབྲེལ་བ་དང་ཞང་ཀང་དང་ཨོ་མིན། ཐེ་ཝན་སོགས་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་བའི་དྲི་བར་ལན་བཏབ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།