ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལིག་ཅི་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་གསུམ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124260710_15530793352431n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲའོ་ལིག་ཅི་ཚེས་ཉི་ཤུ་ཉིན་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་གསུམ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྤུས་ཚད་མཐོན་པོའི་དུས་རབས་གསར་བའི་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པ་དང་གཅིག་བསྡུས་སྒོས་ཀྲུང་དབྱང་ཁོངས་གཏོགས་ཁེ་ལས་དང་འབྲེལ་ཡོད་ལས་རིགས་ཀྱི་ཆེད་བསྐོས་སྡེ་ཁག་གི་རྒྱུན་སྲོལ་སྐོར་ཞིབ་སྤེལ་བའི་ཐད་ནས་བཀོད་སྒྲིག་བྱས། ཀྲའོ་ལིག་ཅི་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐོར་ཞིབ་གཞུང་ལུགས་དང་ལག་ལེན་དང་ལམ་ལུགས་ཀྱི་གསར་གཏོད་གྲུབ་འབྲས་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ། སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ། ཆབ་སྲིད་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཀྲའོ་ལིག་ཅི་ཡིས་བསྟན་དོན། དུས་རབས་གསར་བའི་སྐོར་ཞིབ་བྱ་བ་སྤེལ་བའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བྱེད་རྒྱུ་དེ་རེད། སྲུང་སྐྱོབ་གཉིས་ཀྱི་རྩ་བའི་ལས་འགན་བསྒྲུབ་པར་སྐུལ་འདེད་གཏོང་བར་དམིགས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་ལྟ་སྐུལ་དང་སྒྲིག་ལམ་ལྟ་སྐུལ། ལྟ་ཞིབ་ལྟ་སྐུལ། མངག་སྡོད་ལྟ་སྐུལ་སྦྲེལ་མཐུད་བྱས་ནས། ཡོངས་སུ་ཁེབས་པ་བཞི་ཡི་དབང་ཆའི་ལྟ་སྐུལ་རྣམ་པ་གྲུབ་པར་བྱེད་དགོས། སྐོར་ཞིབ་ཐད་ཀྱི་དག་ཐེར་ལེགས་བཅོས་ཀྱི་གཙོ་གཞི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་ཡུན་ཕན་རྐྱེན་སྲོལ་གྲུབ་པར་སྐུལ་འདེད་གཏོང་དགོས། ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གོང་འོག་མཉམ་འགུལ་སྐོར་ཞིབ་ཀྱི་རྣམ་པ་འཐུས་ཚང་དུ་གཏོང་དགོས་ཟེར།

དབྱང་ཞོ་ཏུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པ་དང་། ཁྲིན་ཞི་ཡིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་གསུམ་པའི་ཚན་གཙོའི་དབང་སྤྲོད་ལས་ཁུར་དང་ལས་འགན་བགོ་བཤའ་ཐད་ཀྱི་གཏན་ཁེལ་དྲིལ་སྒྲོག་བྱས། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་བརྒྱད་པ་དང་ཐེན་ཅིན་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། སྐྱེ་ཁམས་ཁོར་ཡུག་པུའུ། འགྲིམ་འགྲུལ་དངུལ་ཁང་སོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།