ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གིས་ཆེད་མཁས་པ་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་དཔེ་ཚོགས་དེ། ཉེ་སྔོན་ཀྲུང་གོ་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། 

དཔེ་ཚོགས་དེ་ཆེད་དོན་བཅུ་གཉིས་སུ་བགོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དོན་སྙིང་གལ་ཆེན་དང་ལྟ་ཚུལ་གཙོ་བོ། དགོངས་པའི་ངོ་བོ་བཅས་ལ་འགྲེལ་བཤད་གསལ་བོ་བྱས་ཡོད་པ་དང་། དགོངས་པ་དེས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྲུང་གོའི་རྩ་དོན་རང་བཞིན་གྱི་བྱས་རྗེས་བསྐྲུན་པར་གསལ་བཤད་གསལ་བོ་བྱས་པ་དང་། དགོངས་པའི་ཁྲོད་འདུ་བའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་ལ་དབྱེ་ཞིབ་བྱས་ཡོད་ལ། དེང་རབས་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཀྱི་རྣམ་པ་དང་རླབས་ཆེན་གྱི་དོན་སྙིང་མངོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།