ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལོ་ཝུའོ་མཛའ་མཐུན་སློབ་ཆུང་གི་དགེ་སློབ་ཡོངས་ལ་འཕྲིན་ལན་སྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལོ་ཝུའོ་ན་ཡོད་པའི་ཀྲུང་གོ་དང་ལོ་ཝུའོ་ཡི་མཛའ་མཐུན་གྲོགས་པོའི་ནིང་པེན་སྡེ་བའི་སློབ་ཆུང་གི་དགེ་སློབ་དག་སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་དམངས་སེམས་གཅིག་འདྲེས་བགྲོ་གླེང་ཚོགས་འདུར་མ་ཞུགས་པའི་སྔོན་ཏག་ཏག་ལ། དགེ་སློབ་ཡོངས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཞུ་ཚིག་ཕུལ་ནས། ལོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོས་ཀྲུང་གོ་དང་ལོ་ཝུའོ་ཡི་མཛའ་མཐུན་སློབ་ཆུང་རོགས་འཛུགས་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་འདོད་ཡོད་པའི་ཚུལ་བསྟན།ཞི་ཅིན་ཕིང་གིས་དགེ་སློབ་ཡོངས་ལ་འཕྲིན་ལན་སྐུར།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་བསྟན་དོན། ཁྱོད་ཚོའི་འཕྲིན་ཡིག་དང་པར་རིས་ཡག་པོ་དག་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། ངས་ཁྱོད་ཚོའི་བདེ་སྐྱིད་དང་མ་འོངས་མཛེས་སྡུག་གི་འཚོ་བའི་རེ་སྙེག ཀྲུང་གོ་མི་དམངས་ལ་བཅངས་པའི་བརྩེ་སེམས་བཅས་ཚོར་བྱུང་ལ། སེམས་འདུན་དེ་ཡིས་ང་རང་སེམས་འགུལ་ཐེབས་སུ་བཅུག་བྱུང་ཟེར།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་བསྟན་དོན། ཁྱོད་ཚོའི་འཕྲིན་ཡིག་ཁྲོད་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ཁྱོད་ཚོའི་སློབ་གྲྭ་དང་ཕ་ཡུལ། སློབ་སྦྱོང་དང་འཚོ་བ་བཅས་ལ་འགྱུར་ལྡོག་མང་པོ་བཟོས་ཡོད་པ་ཚོར་བྱུང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འཕེལ་རྒྱས་ལ་བརྟེན་ནས། མི་དམངས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་ངས་རྒྱུད་གཅིག་ལམ་གཅིག་ལ་བཏོན་པའི་ཐོག་མའི་སེམས་འདུན་ཡིན། ཀྲུང་གོ་དང་ལོ་ཝུའོ་ཡི་དམངས་འཚོའི་ཁྱབ་ཁོངས་སུ་མཉམ་ལས་བྱས་ནས། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་གི་མཉམ་ལས་ནི་ཀྲུང་གོ་དང་ལོ་ཝུའོ་ཡི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་ནང་དོན་གལ་ཆེན་འགྱུར་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ལོ་ཝུའོ་ཡི་མཉམ་ལས་ཤུགས་དྲག་ལ་བརྟེན་ནས། དམངས་ཕན་གྱི་བྱ་བ་སྔར་ལས་མང་པོ་ཞིག་དངོས་འབེབ་བྱེད་དགོས། ངས་སློབ་གྲོགས་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས། མ་འོངས་པར་རྒྱལ་ཁབ་ཀྱི་གདུང་འདེགས་ཀ་བ་རུ་འགྱུར་བ་དང་། ཀྲུང་གོ་དང་ལོ་ཝུའོ་ཡི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་བྱེད་པའི་རྗེས་རབས་པ་གྱུར་བར་རེ་བ་ཞུ་ལ། ཞོར་དུ་ཀྲུང་གོ་དང་ལོ་ཝུའོ་མཛའ་མཐུན་སློབ་ཆུང་སྔར་ལས་ལེགས་སུ་འགྱུར་པ་དང་། མི་འགྱངས་པར་ཁྱོད་ཚོ་ཀྲུང་གོ་དང་ལོ་ཝུའོ་ཡི་ལྕགས་ཟམ་བརྒྱུད་ནས་པེ་ཅིན་ལ་ཡོང་ཐུབ་པར་སྨོན་འདུན་ཞུ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།