ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བང་དབྱང་གིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལེན་ཀྲིན་ཧྥང་ཚོགས་གཙོ་ཡིན་པའི་ཀྲུང་གོ་དང་འཇར་པན་གྱི་མཛའ་འབྲེལ་གྲོས་མིའི་མནའ་འབྲེལ་ཚོགས་པར་མཇལ་འཕྲད་གནང་།

    སྤེལ་དུས། : 2019-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བང་དབྱང་གིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལེན་ཀྲིན་ཧྥང་ཚོགས་གཙོ་ཡིན་པའི་ཀྲུང་གོ་དང་འཇར་པན་གྱི་མཛའ་འབྲེལ་གྲོས་མིའི་མནའ་འབྲེལ་ཚོགས་པར་མཇལ་འཕྲད་གནང་།  བང་དབྱང་གིས་ཀྲུང་གོ་དང་འཇར་པན་གྲོས་མཐུན་གྱིས་དུས་ཡུན་རིང་པོའི་རིང་ཀྲུང་གོ་དང་འཇར་པན་གྱི་མཛའ་བརྩེའི་འབྲེལ་བ་འཕེལ་རྒྱས་ལ་ཤུགས་སྣོན་བྱས་པར་ཁག་ཐེག་བྱས། ཁོས་བཤད་རྒྱུར། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་གཉིས་ཀྱིས་ཐུག་འཕྲད་ཐེངས་མང་བྱས་པ་དེས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་བཏོན་ཞིང་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་སྐུལ་འདེད་དང་གྲུབ་འབྲས་གསར་བ་བླངས།  དེང་སྐབས་ཀྱི་གནས་བབས་འོག་ཏུ་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲགས་དང་ཕྱོགས་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབ་བཟང་བོ་བྱེད་དགོས། རྒྱུད་གཅིག་ལམ་གཅིག་སྟེགས་བུ་བྱས་ཏེ་གཉིས་ཕན་མཉམ་ལས་གཏིང་ཟབ་དུ་སྤེལ་དགོས། ལོ་རྒྱུས་དཔྱད་གཞིར་བཟུང་ཏེ་ཕན་ཚུན་གྱི་གཞི་རྩའི་ཁེ་ཕན་ལ་བརྩི་བཀུར་དང་འགལ་བ་ཐག་གཅོད་ལེགས་པོ་བྱས་ཏེ་སྲོལ་རྒྱུན་མཛའ་བརྩེའི་འབྲེལ་བ་དར་སྤེལ་བཏང་སྟེ་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་གཏན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ལེན་གྲིན་ཧྥང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་གྲོས་མིའི་མནའ་འབྲེལ་བར་ཏུ་མཛའ་མཐུན་སྲོལ་རྒྱུན་བཟང་བོ་ཡོད་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་བྱས་རྗེས་འཇོག་འདོད་ཡོད་ཟེར། 

ཞ་པོ་ལུང་གོང་གི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།