ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མེན་གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་གྱི་མཐོ་རིམ་གྲོས་ཚོགས་སྐབས་གཉིས་པ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་གྱི་མཐོ་རིམ་གྲོས་ཚོགས་སྐབས་གཉིས་པ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཧུར་ཐག་སྒོས་གྲངས་ཀའི་ཀྲུང་གོ་དང་རིག་སྟོབས་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་ཅན་གྱི་འདེད་སྐུལ་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྒུལ་ཤུགས་གསར་བ་སྣོན་དགོས་ཞེས་ནན་གྱིས་བསྟན།

ཧོང་ཁུན་མེན་གྱིས་བསྟན་དོན། ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཆ་འཕྲིན་གསར་བརྗེ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་དེ་ལོ་རྒྱུས་རང་བཞིན་གྱི་མཉམ་འདྲེས་བྱས་པ་དེས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ནུས་ཆེན་པོ་བསྣན། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་ཡི་ཕན་ཡོད་གོ་སྐབས་དང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། དྲ་འབྲེལ་ལག་རྩལ་གསར་སྐྲུན་གྱི་ནུས་ལྡན་ཁྱད་སྟོབས་དང་ལག་རྩལ་བཀོལ་སྤྱོད་ཀྱི་སྔོན་ཐོན་ཁྱད་སྟོབས་དང་ཚོང་ར་ཆེན་པོའི་ཁྱད་སྟོབས་དེ་གྲངས་ཀའི་དཔལ་འབྱོར་གྱི་འཕེལ་རྒྱས་ཁྱད་སྟོབས་སུ་སྒྱུར་ནས། གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་ཐད་ལ་ཐབས་ལམ་གསར་བ་ཞིག་གསར་སྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།