ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་ལ་ཁ་པར་བཏང་།

    སྤེལ་དུས། : 2019-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སོ་ཏི་ཨ་རབ་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གྲོགས་པོ་གཙོ་བོར་འགྱུར་བར་དོ་སྣང་བྱེད་ཀྱིན་ཡོད། ཀྲུང་གོས་སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་དྲང་བཞག་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སོ་ཏི་ཨ་རབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། བརྟན་འཇགས་བཅས་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པ། སོ་ཏི་ཨ་རབ་ཕྱོགས་ཀྱིས་དཔལ་འབྱོར་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཉིས་སྟོང་སུམ་ཅུ་ལོའི་རེ་འདུན་འཐབ་ཇུས་དང་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སཱ་ལེ་མན་གྱིས་བཤད་རྒྱུར། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུ་བ་དང་དེས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཐད་ལ་ནུས་པ་གལ་ཆེན་འདོན་ཐུབ་པར་བདག་ལ་ཡིད་ཆེས་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཀྲུང་གོའི་རིམ་པ་སོ་སོ་དང་མཉམ་དུ་འབྲེལ་འདྲིས་དང་འགྲོ་འོང་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཞབས་ཕྱི་བཟང་བོ་བསྒྲུབ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།