ཀྲུང་གོ་བོད་ཀྱི་དྲ་བ།

སྣོད་བཅུད་ཁོར་ཡུག་པུས་བསྟན་དོན་ཁོར་ཡུག་ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་པོ་ཡིག་ཕབ་བརྙན་འཇུག་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། སྣོད་བཅུད་ཁོར་ཡུག་པུས《སྣོད་བཅུད་ཁོར་ཡུག་ཁོངས་གཏོགས་སུ་སྲིད་འཛིན་ཁྲིམས་བསྟར་སྤྱི་བསྒྲཌ་ལམ་ལུཌ་དང་། ཁྲིམས་བསྟར་བརྒྱུད་རིམ་ཧྲིལ་པོ་ཡིག་ཕབ་བརྙན་འཇུག་གི་ལམ་ལུགས། ཁྲིམས་བསྟར་གཏན་འབེབས་གལ་ཆེན་གྱི་ཁྲིམས་ལུཌ་ཞིབ་དཔྱད་ལམ་ལུགས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་སྣོད་བཅུད་ཁོར་ཡུག་སྲིད་འཛིན་ཁྲིམས་བསྟར་ཁྱབ་ཁོངས་སུ་སྲིད་འཛིན་ཁྲིམས་བསྟར་གྱི་སྤྱི་བསྒྲགས་ལམ་ལུགས་དང་། ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་པོ་ཡིག་ཕབ་བརྙན་འཇུག་གི་ལམ་ལུགས། ཁྲིམས་འཛིན་གྱི་གཏན་འབེབས་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་དཔྱད་ལམ་ལུགས(གཤམ་དུ“ལམ་ལུགས་ཁག་གསུམ”ཞེས་བསྡུ་རྒྱུ)ཁྱབ་སྤེལ་བྱེད་པའི་ལས་དོན་གྱི་འབྲེལ་ཡོད་དོན་ཚན་ལ་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

《ལག་བསྟར་བསམ་འཆར》ནང་ཁ་གསལ་བཟོས་དོན། སྲིད་འཛིན་ཁྲིམས་བསྟར་གྱི་སྤྱི་བསྒྲཌ་ལམ་ལུགས་ཕྱོཌ་ཡོངས་ནས་ཁྱབ་གདལ་བཏང་སྟེ“སུས་ཁྲིམས་ལག་བསྟར་བྱས་ན་དེ་ཉིད་སྤྱི་བསྒྲགས་བྱེད་པ”ཡི་རྩ་དོན་ལྟར་ཁྲིམས་བསྟར་སྤྱི་བསྒྲགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྤྱི་བསྒྲགས་ནང་དོན་གྱི་ཚད་གཞི་དང་རྣམ་པ། དེ་བཞིན་ཡོངས་བསྒྲགས་ཐབས་ལམ་བཅས་ཚད་ལྡན་དུ་གཏོང་བ། ལས་དོན་མ་བསྒྲུབས་གོང་གི་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ལས་དོན་སྒྲུབ་རིང་གི་ཡོངས་བསྒྲགས་ཚད་ལྡན་དུ་གཏོང་བ། ལས་དོན་བསྒྲུབས་རྗེས་ཀྱི་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་པོ་ཡིག་ཕབ་བརྙན་འཇུག་གི་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། ཡི་གེ་དང་སྒྲ་བརྙན་སོགས་ལ་བརྟེན་ནས་སྲིད་འཛིན་ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་བཀོད་དེ་ཚད་གཞི་གཞིར་བཟུང་ཡིག་ཚགས་ནང་བཅུག་ནས་ཉར་ཚགས་བྱེད་པ་མ་ཟད། ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་པོ་ཡིག་ཕབ་བརྙན་འཇུག་གི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བརྒྱུད་རིམ་ཧྲིལ་པོ་ཟིན་འགོད་ལ་གཅུན་འདོམས་བྱེད་ཤུགས་ནན་དུ་གཏོང་དགོས།

ཁྲིམས་བསྟར་གཏན་འབེབས་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་དཔྱད་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། རིམ་ཁག་སྣོད་བཅུད་ཁོར་ཡུག་སྡེ་ཚན་གྱིས་ཁྲིམས་བསྟར་གཏན་འབེབས་གལ་ཆེན་མ་བྱས་གོང་ཁྲིམས་ལུགས་ཀྱི་ཞིབ་དཔྱད་ནན་པོ་བྱེད་དགོས་པ་དང་། ཁྲིམས་ལུགས་ཀྱི་ཞིབ་དཔྱད་མ་བརྒྱུད་པའམ་ཡང་ན་ཞིབ་དཔྱད་ཆོག་མཆན་ཐོབ་མེད་རིགས་ལ་གཏན་འབེབས་བྱེད་མི་ཆོག

《ལག་བསྟར་བསམ་འཆར》ནང་རིམ་ཁག་སྣོད་བཅུད་སྡེ་ཚན་གྱིས་2019ལོའི་ལོ་མཇུག་གོང་སྡེ་ཚན་དེ་རང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་ཁྲིམས་བསྟར་དཔུང་ཁག་གི་དབང་ཆ་དང་འགན་འཁྲིའི་གསལ་ཐོ་དང་ཁྲིམས་བསྟར་གཏན་འབེབས་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་དཔྱད་དཀར་ཆག་གི་གསལ་ཐོ་སོགས་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་གཏན་འབེབས་བཟོས་ཚར་བར་བྱས་ནས་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི“ལམ་ལུགས་ཁག་གསུམ”གྱི་མ་ལག་ཆགས་པར་བྱེད་པ་དང་འབྲེལ། ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།