ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མཱ་ཆི་ཏུང་བྱང་མའི་གྲོས་དཔོན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124648331_15610122381881n.jpg

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་མཱ་ཆི་ཏུང་བྱང་མའི་གྲོས་དཔོན་ཀྲ་ཧྥེ་ལིས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་མཱ་ཆི་ཏུང་བྱང་མའི་གྲོས་དཔོན་ཀྲ་ཧྥེ་ལིས་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་བསྟན་དོན། ཀྲུང་གོ་དང་མཱ་ཆི་ཏུང་བྱང་མ་གཉིས་ནི་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ། དངོས་གཉེར་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་ཆབ་སྲིད་རང་རྟོན་སྲ་བརྟན་ཡིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བས། གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཀྲུང་གོས་མཱ་ཆི་ཏུང་བྱང་མའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་རྒྱ་སྐྱེད་པར་སྐུལ་འདེད་བཏང་སྟེ། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲོད་གྲོས་དང་མཱ་ཆི་ཏུང་བྱང་མའི་གྲོསཁང་གིས་རིམ་པ་སོ་སོའི་མཛའ་བརྩེའི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲ་ཧྥེ་ལིས་ཀྱིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་བཟང་བ་དང་། ང་ཚོས་མཐའ་གཅིག་ཏུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་མ་ཟད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་བརྩེའི་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།