ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124655454_15611228814351n.jpg

1124655454_15611234686671n.jpg

ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ཞིག་ཧྲན་མགྲོན་བསུ་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ཞིག་ཧྲན་མགྲོན་བསུ་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། བདག་གིས་ད་ཐེངས་ཁྲའོ་ཞན་ལ་འཚམས་འདྲི་བྱས་པ་བརྒྱུད་དེ་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་བཏང་ཞིང་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་དུས་སྐབས་གསར་བའི་འཕེལ་རྒྱས་ཁ་ཕྱོགས་གསལ་བོར་བསྟན་པ་དང་། ཕྱི་ཕྱོགས་ལ་ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཕྱེད་གླིང་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པའི་འདོད་བློ་བརྟན་པོ་མངོན་པར་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཐེངས་འདིའི་འཚམས་འདྲི་ལས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་འགོད་དེ་མཛེས་པའི་དོན་དངོས་སུ་སྒྱུར་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ལས་དོན་ལ་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་འཐབ་ཇུས་གསར་བའི་ལམ་ཕྱོགས་ལག་བསྟར་བྱེད་པར་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པར་མ་ཟད། ཁྲའོ་ཞན་ཕྱོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཕྱེད་གླིང་གནད་དོན་ཐག་གཅོད་པ་དང་ཕྱེད་གླིང་གི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་པར་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

ཅིན་ཀྲིན་ཨུན་གྱིས་བཤད་རྒྱུར། ཁྲའོ་ཞན་དང་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་རིང་ཞིང་རྨང་གཞི་བརྟན་པོ་ཆགས་ཡོད། དེང་སྐབས་ཁྲའོ་ཞན་དང་ཀྲུང་གོ་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པས་ཕན་ཚུན་ལ་འབྲེལ་འདྲིས་དམ་པོ་བྱེད་པ་དང་མཛའ་མཐུན་མཉམ་ལས་བཟང་བོ་བྱེད་ཀྱིན་ཡོད། བདག་གིས་རྒན་རབས་འགོ་ཁྲིད་པའི་བླ་མེད་འདོད་བློ་བསྲུང་བྱ་བྱེད་པར་མ་ཟད་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ནས། ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་ཐད་ལ་འོད་སྟོང་འབར་བའི་མ་འོངས་པ་ཤིག་གསར་སྐྲུན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།