ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124701731_15620734902411n.jpg

 ཟླ7པའི་ཚེས2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལེ་ཅེ་ཕུའུ.ཨེ་ཨར་ཏའོ་ཨན་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པའི་རྣམ་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཟླ7པའི་ཚེས2ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུར་ཁེ་གཉིས་ཀ་གསར་དར་ཚོང་རའི་རྒྱལ་ཁབ་གཙོ་བོ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། འཐབ་ཇུས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་གཉིས་ཀྱིས་བདག་དབང་དང་རང་ཚུགས། མངའ་ཁོངས་ཧྲིལ་བོ་བཅས་དང་འབྲེལ་བའི་གནད་དོན་སྟེང་གི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་བརྩི་བཀུར་བྱེད་པ། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་ནམ་ཡང་བདེ་ཐང་གཏན་འཇགས་ཀྱི་ལམ་བུ་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས། འགུལ་སྐྱོད་དངོས་ལ་བརྟེན་ནས་འཇིགས་སྐུལ་ངོ་རྒོལ་ཐད་ཀྱི་བདེ་འཇགས་མཉམ་ལས་སྤེལ་དགོས། ཀྲུང་གོས་སྐུ་ཞབས་ཙུང་ཐུང་གིས་ཐེངས་མང་པོར་སྟོབས་ཤུགས་གང་རུང་གིས་ཐུར་ཁེ་ནས་ཀྲུང་གོར་ངོ་རྒོལ་བྱེད་པའི་ཁ་བྲལ་བྱ་འགུལ་སྤེལ་མི་ཆོག་ཞེས་བསྐྱར་བསྒྲགས་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ཐུར་ཁེ་ཡིས་ཐེངས་མང་པོར་ཀྲུང་གོས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་པར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཐུར་ཁེའི་བར་གྱི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དགོས། ཐུར་ཁེ་ནི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོགས་པོ་གལ་ཆེན་ཡིན་ལ། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གྲོས་གཞི་དང་ཐུར་ཁེའི་བར་དཀྱིལ་བར་ཁྱམས་འཆར་གཞི་གཉིས་སྦྲེལ་མཐུད་བྱེད་པ་དང་། ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། ནུས་ཁུངས། རྨང་གཞི་སྒྲིག་ཆས། ལས་གཞི་མཉམ་ལས་གལ་ཆེན་བཅས་བརྟན་བརླིང་ངང་སྤེལ་བའི་ཞོར་དུ། ལས་གཞི་ཆུང་འབྲིང་དང་དམངས་ཕན་ལས་གཞིའི་མཉམ་ལས་སྤེལ་ནས། ཁེ་ལས་དང་མང་ཚོགས་མང་པོས་ཀྲུང་གོ་དང་ཐུར་ཁེའི་མཉམ་ལས་ཁྲོད་ཁེ་ཕན་རེག་ཐུབ་པར་བྱེད་དགོས། མི་གཞུང་བརྗེ་རེས་དང་གནས་སྐོར་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་མི་དམངས་བར་སྔར་ལས་རྒྱུས་ལོན་བྱེད་དུ་བཅུག་སྟེ། ཀྲུང་གོ་དང་ཐུར་ཁེ་གཉིས་ཀྱི་མཛའ་བརྩེའི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་སྒང་ཡིན་ལ། ཀྲུང་གོ་དང་ཐུར་ཁེ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་རུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་ལ་སྲུང་སྐྱོབ་བྱེད་པ། ཧུར་ཐག་གིས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། མཉམ་དུ་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་དྲང་གཞག མཉམ་ལས་གཉིས་རྒྱལ་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་བ་འཛུགས་སྐྲུན་བྱེད་དགོས། ཕྱོགས་གཉིས་ཀྱིས་ས་ཁུལ་ལས་དོན་ཁྲོད་བརྗེ་རེས་དང་མཐུན་སྦྱོར་བྱེད་པ་སྲུང་འཛིན་བྱེད་པ་དང་། མཉམ་དུ་ཆབ་སྲིད་ཀྱི་ལམ་ནས་འབྲེལ་ཡོད་གནད་དོན་གལ་ཆེན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། ས་ཁུལ་ཞི་བདེ་དང་གཏན་འཇགས་ཡོང་བ་དང་། ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཨེ་ཨར་ཏོ་ཨན་གྱིས་བསྟན་དོན། ལོ་ངོ་སྟོང་ཕྲག་སྔོན་གྱི་དར་གོས་ཚོང་ལམ་བརྒྱུད་དེ་གྲུབ་པའི་ཐུར་ཁེ་དང་ཀྲུང་གོའི་མཛའ་བརྩེའི་རྒྱུན་ཧ་ཅང་རིང་བ་དང་། དེ་རིང་སྔར་ལས་ཇེ་བཟང་དུ་གྱུར། དམ་ཞིང་ཟབ་པའི་ཐུར་ཁེ་དང་ཀྲུང་གོའི་འབྲེལ་བ་དེ་ས་ཁུལ་ཞི་བདེ་དར་རྒྱས་ཡོང་བར་དོན་སྙིང་གལ་ཆེན་ལྡན། ཐུར་ཁེ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འབད་འཐབ་བྱེད་ཀྱིན་ཡོད། ཐུར་ཁེ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་ཞིན་ཅང་ས་ཁུལ་གྱི་མི་རིགས་སོ་སོའི་སྡོད་དམངས་ཀྱིས་ཀྲུང་གོ་རུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་ནི་དོན་དངོས་ཡིན་པས། ཐུར་ཁེ་ཡིས་མི་གང་རུང་གིས་ཐུར་ཁེ་དང་ཀྲུང་གོའི་འབྲེལ་བར་གཏོར་བརླག་གཏོང་དུ་མི་འཇུག་ཁོ་ཐག་ཡིན། ཐུར་ཁེ་ཡིས་ཐལ་སྤྱོད་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཐུར་ཁེ་དང་ཀྲུང་གོའི་མཉམ་ལས་སྦས་ཤུགས་ཧ་ཅང་ཆེ་བ་དང་། ཐུར་ཁེ་ཡིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་ནང་ཉོ་ཚོང་དང་དངུལ་གཏོང་། དངུལ་རྩ། ནུས་ཁུངས། རླངས་འཁོར་བཟོ་སྐྲུན། རྨང་གཞི་སྒྲིག་ཆས། སྐབས་ལྔ་བའི་སྤོ་སྒུལ་འཕྲིན་གཏོང་། རིག་སྟོབས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། སློབ་གསོ་དང་རིག་གནས། ཚན་རྩལ་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ཇེ་དྲག་ཏུ་གཏོང་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་དང་ཝང་དབྱི། ཧི་ལིས་ཧྥུན་བཅས་གྲོས་མོལ་ལ་ཞུགས།

གྲོས་མོལ་མ་བྱས་གོང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ། ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལེ་ཅེ་ཕུའུ.ཨེ་ཨར་ཏོ་ཨན་གྱིས་རང་རྒྱལ་ལ་འཚམས་འདྲི་བྱས་པར་དགའ་བསུ་ཞུས།།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།