ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང2019ལོའི་དབྱར་དུས་ཀྱི་ཏ་ཝའོ་སི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190703092042BRm1.jpg

ཟླ7པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཏཱ་ལེན་ནས2019ལོའི་དབྱར་དུས་ཀྱི་ཏ་ཝའོ་སི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར་ཏཱ་ལེན་ནས2019ལོའི་དབྱར་དུས་ཀྱི་ཏ་ཝའོ་སི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་བསྟན་དོན། དབྱར་དུས་ཀྱི་ཏ་ཝའོ་སི་གླེང་སྟེགས་ཀྱིས་གཙོ་ཁྲིད་པ་གསར་བ་ཞེས་པའི་བརྗོད་དོན་གཏན་ཁེལ་བྱས་པ་དང་། ད་བར་དུ་ད་དུང་མངོན་སུམ་གྱི་དོན་སྙིང་ལྡན་ལ། སྐབས་དེའི་འཚར་ལོངས་རང་བཞིན་གྱི་ཁེ་ལས་མང་པོ་ཁེ་ལས་ཆེན་པོ་རུ་གྱུར་ཡོད་པས། ང་ཚོས་རིགས་མི་འདྲ་བའི་ཚོང་རའི་གཙོ་གཞི་སྣ་ཚོགས་དང་ཁེ་ལས་ཆེན་པོ། འཚར་ལོངས་རང་བཞིན་གྱི་ཁེ་ལས་བཅས་འདྲ་མཉམ་འགྲན་རྩོད་བྱེད་དུ་བཅུག་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཏ་པན་མཐོ་རིམ་གླེང་སྟེགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བའི་སྐོར་གྱི་ལངས་ཕྱོགས་དང་འདོད་བློ་གསལ་བཤད་ཟབ་མོ་བྱས་པ་དང་། ཡང་བསྐྱར་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དཔལ་འབྱོར་འཛམ་གླིང་ཅན་གྱི་ཡང་དག་པའི་ཁ་ཕྱོགས་སུ་གོང་འཕེལ་གཏོང་བར་སྣེ་ཁྲིད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། ང་ཚོས་དཔལ་འབྱོར་འཛམ་གླིང་ཅན་གྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་སྟེ། གཉིས་ཕན་མཉམ་རྒྱལ་དང་དོ་མཉམ་ཀུན་ཕན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་འོས། སྒྲིག་ལམ་རྨང་གཞི་རུ་བྱེད་པ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིའི་དབང་ཟིལ་རང་བཞིན་དང་ཕན་ཡོད་རང་བཞིན་ལ་བརྩི་མཐོང་དང་སྲུང་སྐྱོབ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་བཟོ་སྐྲུན་ལས་རིགས་ཀྱི་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། དངུལ་རྩ་སོགས་དེང་རབས་ཞབས་ཞུ་ལས་རིགས་ཀྱི་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་བཏང་སྟེ། ཤེས་བྱའི་ཐོན་དབང་ལ་སྔར་ལས་སྲུང་སྐྱོབ་བྱེད་དགོས། ཀྲུང་གོའི་ཕྱི་ཚོང་དངུལ་གཏོང་ཐད་ཀྱི་སྒོ་འབྱེད་ཚད་དང་ཡོངས་བསྒྲགས་ཚད། སྔོན་དཔག་བྱེད་ཆོག་པའི་རང་བཞིན་བཅས་སྔར་ལས་ཇེ་མཐོ་ནས་ཇེ་མཐོར་སོང་བ་དང་། སྤྱི་ཁོག་གི་དངུལ་གཏོང་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ད་ལོའི་ལོ་སྟོད་དུ། ཀྲུང་གོའི་དཔལ་འབྱོར་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ་དང་འོས་མཐུན་གྱི་བར་མཚམས་སུ་འཁོར་རྒྱུག་བྱས་ལ། དཔལ་འབྱོར་གྱི་གཞི་རྩའི་ངོས་ཐད་ནས་མུ་མཐུད་དུ་གཏན་འཇགས་ཁྲོད་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་སྲུང་འཛིན་བྱས་པ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་དེ་སྔོན་དཔག་དང་མཐུན་ན་ཡང་། ཀྲུང་གོའི་དཔལ་འབྱོར་ཐད་ནས་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་གསར་བར་ཡང་འཕྲད་ཡོད་པས། ང་ཚོས་དེར་སྔ་མོ་ནས་སྔོན་དཔག་བརྡར་གཅོད་དང་གྲ་སྒྲིག་གང་ལེགས་བྱས་ཡོད། ཀྲུང་གོའི་ཚོང་རའི་གཞི་ཁྱོན་ཧ་ཅང་ཆེ་ཞིང་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་ལ། ཐོན་ལས་ཆ་སྡེབས་འཐུས་ཚང་ཡིན་པ་དང་། སྒུལ་ནུས་གསར་བ་འཚར་ལོངས་འབྱུང་ཚད་ཧ་ཅང་མགྱོགས་ལ། དཔལ་འབྱོར་འཕེལ་རྒྱས་ཐད་ནས་སྦས་ཤུགས་ཡོད་པ་དང་། དུས་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་འགྱུར་མི་སྲིད་ཟེར།

ཤིས་ཚིག་ཕུལ་ཚར་རྗེས། ལིས་ཁི་ཆང་གིས་ད་དུང་ཀྲུང་གོའི་ཆེ་ཕྱོགས་དཔལ་འབྱོར་སོགས་ཐད་ནས་དྲི་བར་ལན་བཏབ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་དང་པུར་ཀ་རི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་དང་བྷང་ག་ལའི་ཙུང་ལི་ཧྭ་ཞི་ན། ཀི་ལུའུ་ཅི་ཡའི་ཙུང་ལི་པཱ་ཧི་ཐ་ཙི་སོགས་འགོ་ཁྲིད་མི་སྣ། རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ནས་ཡོང་བའི་ལས་རིགས་སོ་སོའི་འཐུབ་ཚབ་པ་སྟོང་གཅིག་དང་དགུ་བརྒྱ་ལྷག་འགོ་རྩོམ་མཛད་སྒོར་ཞུགས།

ཞོ་ཅེ་དང་ཧི་ལིས་ཧྥུན་གཉིས་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།