ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལ་གནང་བའི་བཅོས་སྒྱུར་གསར་སྐྲུན་རང་བདག་དབང་ཆ་དངོས་འབེབས་གནས་ཚུལ་ཡར་ཞུ་བྱས་པར་ཉན་ནས། རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་ཕྱོགས་སུ་ཐོག་མར་ཚོད་ལྟ་དང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་གློག་ཚོང་སོགས་ལས་རྣམ་གསར་བའི་ཡར་སྐུལ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་ཐོན་ལས་གསར་བརྗེ་ཡི་འཕེལ་ཕྱོགས་གསར་བ་དང་མཐུན་པར་བྱས་ཏེ་ཕྱི་ཕྱོགས་ཉོ་ཚོང་རྣམ་པའི་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།