ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

1124730955_15626739794221n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས9ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། གནས་བབ་གསར་བའི་འོག་ཏུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་བཀོད་འདོམས་བྱས་ཏེ། རིགས་གཞུང་དྲག་ཆས་ནུས་པ་ཇེ་ཆེར་གཏོང་བ་དང་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་བ། སྤྱོད་བསྲང་སྒྲིག་གཅུན་ལ་སྐུལ་འདེད་བཏང་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་། ཏང་གི་བསམ་བློ་རིགས་གཞུང་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་མིག་དཔེའི་ནུས་པ་འདོན་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་སྲུང་འཛིན་བྱེད་པའི་ཐད་ནས་མིག་དཔེའི་ནུས་པ་འདོན་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དང་དངོས་འབེབས་བྱེད་པའི་ཐད་ནས་མིག་དཔེའི་ནུས་པ་བཏོན་ནས། ཏང་ཀྲུང་དབྱང་ཡིད་ཆེས་པ་དང་མི་དམངས་མང་ཚོགས་ཡིད་ཚིམས་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གཉི་ག་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་དེ་ཅིས་ཀྱང་མདུན་གྲས་སུ་སྐྱོད་པ་དང་མིག་དཔེའི་ནུས་པ་འདོན་རྒྱུ་དེ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གོ་གནས་དང་ནུས་པས་ཐག་བཅད་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དེ་ཏང་ཀྲུང་དབྱང་དང་ཧ་ཅང་བར་ཐག་ཉེ་བ་དང་ཏང་ཀྲུང་དབྱང་ལ་ཐད་ཀར་དུ་ཞབས་ཕྱི་བསྒྲུབ་དགོས་པས། ལས་ཁུངས་ཏང་གི་འཛུགས་སྐྲུན་དང་ཐ་ན་ཁྱབ་ཁོངས་ཏང་གཞན་དག་ལ་དཔེ་སྟོན་གྱི་ནུས་པ་འདོན་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་ཉིད་གསར་བརྗེ་བྱེད་སྐབས་ངེས་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་འགོ་རྩོམ་པ་དང་ལས་ཁུངས་ཏང་གི་འཛུགས་སྐྲུན་ནས་འགོ་བརྩམས་ཏེ་དམ་འཛིན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་ཉམས་མྱོང་གང་མང་བསགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཞི་རིམ་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་ཆགས་པར་བྱས་ཏེ། རྩ་འཛུགས་ནུས་ཤུགས་ཇེ་ཆེར་གཏོང་བ་གཙོར་འཛིན་པ་དང་སྟོབས་ལྡན་ནུས་ལྡན་གྱི་ལས་ཁུངས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་དགོས། ཏང་ཡོན་གྱི་སློབ་གསོ་དོ་དམ་ལྟ་སྐུལ་ལ་གཟབ་ནན་བྱེད་པ་དང་། ཚོགས་གསུམ་ཁྲིད་གཅིག་སོགས་ཀྱི་ལམ་ལུགས་དངོས་འབེབས་བཟང་བོ་བྱས་ནས།  ཏང་ཡོན་ཚང་མ་ཀུན་ལ་མིག་དཔེ་འདོན་ཐུབ་པའི་ཚད་ལྡན་ཏང་ཡོན་ཞིག་ཏུ་འགྱུར་བར་བྱེད་པ་དང་། ཏང་ཀྲི་པུའུ་ཚང་མ་ཏང་གི་དར་ཆའི་འོག་གི་འཐབ་འཛིང་མཁར་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས། རིགས་བགར་མཛུབ་སྟོན་ལ་ཤུགས་སྣོན་པ་དང་ཚན་རིག་དང་མཐུན་པར་གནད་ཕིགས་སྲིད་ཇུས་ལག་བསྟར་བྱས་ཏེ། ལས་ཁུངས་ཏང་འཛུགས་བྱ་བའི་དམིགས་ཡུལ་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་ཡོད་པ་དང་། གནས་བབ་གསར་བའི་འོག་གི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་གྱི་འགན་འཁྲི་དང་ལས་འགན། བྱ་བ་གཙོ་བོ། གནད་འགག་བྱེད་ཐབས་བཅས་གསལ་བཤད་བྱས་ཡོད་པར་མ་ཟད་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏིང་ཞེའུ་ཞང་གིས་སྤྱི་བསྡོམས་གཏམ་བཤད་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།