ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་ཞེས་པའི་བརྗོད་དོན་སློབ་གསོའི་སྔོན་ཐོན་བྱ་བའི་སྙན་ཞུའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་9ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་”ཞེས་པའི་བརྗོད་དོན་སློབ་གསོའི་སྔོན་ཐོན་བྱ་བའི་སྙན་ཞུའི་ཚོགས་འདུ་འཚོགས།

སྙན་ཞུའི་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་པ་དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་མཱ་ཆིང་དང་། རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན། ན་གོར་མོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ་ཁྲེན་ཡུང་ཅེ་དང་། རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ་ཝང་ཧྲུའུ་ཕིང་བཅས་ཀྱིས་ཞིབ་དཔྱོད་བྱ་བར་ཞུགས་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་སྙིང་སྟོབས་ལྡན་པའི་འབད་འཐབ་ཀྱི་གཏམ་རྒྱུད་ལ་ཕྱིར་མིག་བལྟས་ཏེ་གཟུགས་མེད་ཀྱི་ཐོག་མའི་བསམ་འདུན་གྱི་མཚན་ཉིད་གསེད་བ་དང་ཕྱོགས་མི་འདྲ་བའི་ཐོག་ནས་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ཏང་ལ་བློ་དཀར་ཚད་མེད་བྱེད་པ། ཏང་གི་བྱ་གཞག་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་བཅས་མངོན་པ་རེད།

ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་དང་མི་སེམས་འགུལ་བའི་གཏམ་རྒྱུད་ལས་མི་ཚང་མར་སེམས་འགུལ་ཆེན་པོ་དང་སློབ་གསོ་ཟབ་མོ་ཐེབས་སུ་བཅུག ཞིང་ཆེན་ཞིབ་དཔྱོད་ཁང་གི་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པས་གཅིག་རྗེས་གཉིས་མཐུད་ངང“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ནས་ཞིབ་དཔྱོད་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་དམ་པོར་ལངས་པ་དང་སྤྱི་ཞབས་པའི་བརྩེ་སེམས་བཅངས་ནས་མི་དམངས་མང་ཚོགས་ལ་དེ་བས་ལེགས་པའི་ཞིབ་དཔྱོད་བྱ་བ་མཁོ་འདོན་བྱེད་དགོས་ཤིང་། བསམ་བློའི་འཁྱེར་སོ་ཇེ་ཟབ་ཏུ་གཏོང་བ་དང་ནན་ཏན་ངང་འབད་འཐབ་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ལ། རང་གཅུན་ནན་མོ་དང་བླ་ན་མེད་པའི་གཤིས་རྒྱུད་ཞུན་བརྡར་བྱས་ཏེ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།