ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རིས་ཐའེ་ཝན་ལ་གོ་མཚོན་ཕྱིར་འཚོང་བྱེད་པའི་ཐད་གཏམ་བཤད་སྤེལ་བ།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2019-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས་བཅུ་གཅིག་ཉིན། ཀྲུང་གོའི་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཝུ་ཆན་གྱིས་ཨ་རིའི་རྒྱལ་དོན་ཁང་གིས་ཨ་སྒོར་དུང་ཕྱུར་ཉིས་ཤུ་རྩ་གཉིས་དང་བྱེ་བ་གཉིས་ཟིན་པའི་གོ་མཚོན་ཐའེ་ཝན་ལ་འཚོང་རྒྱུའི་འཆར་གཞིར་ཆོག་མཆན་སྤྲད་པའི་ཐད་གཏམ་བཤད་སྤེལ་ཡོད།

W020190712527577376750.jpg

ཀྲུང་གོའི་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཝུ་ཆན་གྱིས། ཀྲུང་གོའི་དམག་དཔུང་ནས་དོན་དེར་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་པ་དང་ངོ་རྒོལ་མཐའ་ཅིག་ཏུ་བྱས་ཡོད་ལ། ཨ་རིའི་ཕྱོགས་ལ་དྲང་ནན་གྱི་འབྲེལ་གཏུག་བྱས་ཟིན་ཞེས་གསུངས་ཡོད། ཁོང་གིས། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། དེ་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་ཀྲུང་གོའི་མི་དམངས་ཀྱི་མི་རིགས་བརྩེ་སེམས་དང་འབྲེལ་བ་ཡོད་པས་ཕྱི་ཡུལ་གྱི་ཐེ་ཇུས་བྱེད་པའི་དབང་ཆ་མེད། ཀྲུང་གོས་ཨ་རིའི་ཕྱོགས་ནས་ཁ་གདན་ཚིག་གནས་དང་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་བརྟན་སྲུང་ཞུས་ནས་ཐའེ་ཝན་ལ་གོ་མཚོན་འཚོང་བའི་འཆར་གཞི་གང་མགྱོགས་མེད་པ་བཟོ་བ་དང་། ཨ་རི་དང་ཐའེ་ཝན་བར་གྱི་དམག་དོན་འབྲེལ་བ་མཐའ་དག་མཚམས་འཇོག་བྱས་ཏེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དམག་དཔུང་འབྲེལ་བར་གནོད་འཚེ་མི་གཏོང་རྒྱུའི་སྐུལ་མ་བྱ་རྒྱུ་ཡིན། ཀྲུང་གོའི་དམག་དཔུང་ལ་འགྱུར་མེད་ཀྱི་བློ་སྟོབས་དང་། འདང་ངེས་བཞིན་པའི་བློ་སྤོབས་ལྡན་ཡོད་པས་རྣམ་པ་གང་རུང་གི་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐའེ་ཝན་རང་བཙན་བཟོ་བའི་བྱ་སྤྱོད་ཕམ་ཉེས་གཏོང་བའི་ནུས་པ་ལྡན་ཡོད་ལ། དགོས་ངེས་ཀྱི་བྱ་ཐབས་ཐམས་ཅད་བཟུང་ནས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ས་ཆར་སྲུང་སྐྱོང་མཐའ་ཅིག་ཏུ་བྱེད་རྒྱུ་རེད་ཅེས་ནན་སྟོན་གནང་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།