ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཡའོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡའོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་དང་གྲོས་མོལ་མཛད།

20190712220739OzYM.jpg

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡའོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཡའོ་ནན་གཉི་ག་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་ཀྱི་རྒན་རབས་མགོ་ཁྲིད་པས་མཉམ་དུ་ཀྲུང་གོ་དང་ཡའོ་ནན་གྱི་དམིགས་བསལ་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་བཙུགས་པ་རེད། ཉེ་བའི་ལོ་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གཉིས་ཀྱིས་ཐེངས་གཉིས་ལ་ཕན་ཚུན་བར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་མཛད་ནས། ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཡིན་པ་གཏན་ཁེལ་གསལ་བོ་བྱས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོས་ཡའོ་ནན་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་ཡའོ་ནན་གྱི་སྲོལ་རྒྱུན་མཛའ་བརྩེ་དང་གཉིས་ཕན་མཉམ་ལས་དུས་རབས་གསར་བར་གོང་སྤེལ་ཆེན་པོ་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོའི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་རྒྱལ་ཡོངས་དམངས་ཆེན་གྱི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། ལིས་ཀྲིན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཡའོ་ནན་རྒྱལ་ཚོགས་གཉི་ག་ནི་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་དབང་ཤུགས་ལས་ཁུངས་དང་ཁྲིམས་འཛུགས་ལས་ཁུངས་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཡའོ་ནན་རྒྱལ་ཚོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་དུ་བྱུང་བའི་ཐུན་མོང་གི་ལྟ་བ་དང་མཉམ་ལས་གྲོས་ཆོད་དོན་འཁྱོལ་བྱེད་པར་དམིགས་ཏེ། བཅའ་ཁྲིམས་ཕྱོགས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་འགན་སྲུང་བྱེད་འདོད་ཡོད། བྱ་བའི་བརྗེ་རེས་ལ་ཤུགས་བསྣན་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་པ། ཁྲིམས་འཛུགས་ལྟ་སྐུལ་བཟང་བོ་བྱེད་པ་སོགས་བྱ་བའི་ཕྱོགས་ནས་ཕན་ཚུན་ལ་སློབ་སྦྱོང་བྱེད་པ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་ཁྱད་སྟོབས་བཏོན་ནས། མི་གཞུང་དང་ས་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཛའ་མཐུན་འགྲོ་འོང་ལ་ཡར་སྐུལ་བྱེད་འདོད་ཡོད། ཕྱོགས་མང་གྲོས་ཁང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་དང་ཡའོ་ནན་མཐུན་སྒྲིལ་མཉམ་ལས་བཟང་པོ་བྱས་ཏེ། མཉམ་དུ་གོང་འཕེལ་བཟང་བོ་བྱུང་ན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་མ་ཟད། སྤྱི་ཚོགས་རིངལུགས་ལས་དོན་དང་མིའི་རིགས་སྤྱི་ཚོགས་ཀྱི་ཞི་བདེ་གོང་འཕེལ་ཐད་བྱས་རྗེས་འཇོག་ཐུབ་ཟེར།

རོན་ཧྲི་ཅིན་དབྱིན་གྱིས་བཤད་རྒྱུར། ཡའོ་ནན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་རྒྱུ་ནོར་ཡིན། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་དུས་ནམ་ཡང་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་དང་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། ཡའོ་ནན་དང་ཀྲུང་གོའི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཡའོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་དུ་བརྗེ་རེས་མཉམ་ལས་ཟབ་མོ་བྱས་ཏེ། ཡའོ་ནན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་རེ་སྒུག་བྱས་ཡོད་ཟེར།

ཝང་ཏུང་མེན་གྲོས་མོལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།