ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་རྒྱལ་དབང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་འགོ་ཁྲིད་པ་གཙོ་བོའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་གཏན་འཁེལ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་རྒྱལ་དབང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་འགོ་ཁྲིད་པ་གཙོ་བོའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་གཏན་འཁེལ་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་བསྟན་དོན། ཉིས་སྟོང་བཅུ་ལོའི་ཟླ་བཅུ་བར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་འགྲེམ་སྤེལ་བྱས་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་རྒྱལ་དབང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་འགོ་ཁྲིད་པ་གཙོ་བོའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་གཏན་འཁེལ་གྱིས་དཔལ་འབྱོར་འགན་འཁྲི་རྩིས་བཤེར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ནུས་པ་ཆེན་པོ་བཏོན། གནས་བབ་གསར་བ་དང་རེ་བ་གསར་བ་དང་མཐུན་པར་བྱེད་པ་དང་། དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད་ཏང་ཀྲུང་དབྱང་གིས་བཟོ་བཅོས་བྱེད་རྒྱུ་ཐག་བཅད།

བརྡ་ཐོ་ལས་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་རྒྱལ་དབང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་འགོ་ཁྲིད་པ་གཙོ་བོའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་གཏན་འཁེལ་གྱི་སྤྱིའི་རྩ་དོན་དང་རྩ་འཛུགས་མཐུན་སྦྱོར། རྩིས་བཤེར་ནང་དོན། རྩིས་བཤེར་ལག་བསྟར། རྩིས་བཤེར་གདེང་འཇོག རྩིས་བཤེར་གྲུབ་འབྲས་བཀོལ་སྤྱོད་སོགས་ཀྱི་ཐད་ལ་བཀོད་སྒྲིག་བྱས།

ཐེངས་འདིའི་གཏན་འཁེལ་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པའི་ཚེས་བདུན་ཉིན་ནས་བཟུང་ལག་བསྟར་བྱས། ཉིས་སྟོང་བཅུ་ལོའི་ཟླ་བཅུ་བར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་འགྲེམ་སྤེལ་བྱས་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་རྒྱལ་དབང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་འགོ་ཁྲིད་པ་གཙོ་བོའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་གཏན་འཁེལ་དུས་མཉམ་དུ་ལག་བསྟར་བྱེད་མཚམས་བཞག །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།